རྣམ་པར་གྲོལ་བ། སྐྱེ་མཆེད་དྲུག་ལ་མཁས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་
ལ་
སྦྱོད་ཡུལ་བ། རྣམ་པར་ཐར་པ་བརྒྱད་ལ་བསམ[༡]་གཏན་པ། མཐར་གྱིས་
གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས[༢]་པར་འཇུག་པ།
སྟོབས་བཅུའི་
སྟོབས་དང་ལྡན་པ།
ཡང་དག་པའི་སེང་གེའི་སྒྲ་ཆེན་པོ་སྒྲོགས་[༢]པ་རྣམས་ནི་
ཆོས་ཉིད་
ཀྱིས་ཉིན་དུས་གསུམ་མཚན་དུས་གསུམ་སྟེ། ཉིན་མཚན་དུས་དྲུག་ཏུ།
སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ[༤]། སུ་ནི་རྒུད་སུ་ནི་དར་སུ་ནི་
ཕོང
ས[༥]ཤིང་འདུག སུ་ནི་ཉམ[༦]་ང་བར་གྱུར[༧]སུ་ནི་གནོད་པ་དང་ལྡན། སུ་
ནི་ཕོང
ས[༨]པ་དང་ཉམ་ང་བ་དང་གནོད་པ་དང་ལྡན་སུ་ནི་ངན་སོང་དུ་གཞོལ་སུ་
ནི་ང
ན་སོང་དུ་འབབ་སུ་ནི་ངན་སོང་དུ་བབ་སུ་ནི་ངས་ངན་སོང་ནས་ཕྱུང་སྟེ།
མཐོ་རིས་དང་ཐར་པ་དང་འབྲས་བུ་ལ་གཞག[༩]་པར་བྱ། སུ་ནི་ཉེས་པར་སྤྱོད་
པའི་འདམ་དུ་བྱིང་བ་ལས་ལག་པ་[༡༠]ནས་དྲང་བར་བྱ། སུ་ནི་འཕགས་[༡༧]པའི་
ནོར་
བདུན་མེད་པ་ལས་འཕགས་པའི་ནོར་བདུན་གྱི་དབང་ཕྱུག་ལ་དབང་བྱེད་དུ་
གཞུག་པར་བྱ།
སུ་ནི་དགེ་བའི་རྩ་བ་རྣམས་མ་བསྐྱེད་[༡༢]པ་ལས་བསྐྱེད་པར་བྱ།
སུ་ནི་དགེ་བའི་རྩ་བ་རྣམས[༡༢]་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་པར་བྱ། སུ་ནི་
དགེ་བའི་རྩ་བ་
རྣམས་ཡོངས་སུ་སྨིན་ཟིན་པ་ལས་ཡེ་ཤེས་ཀྱི་མཚོན་གྱིས་བརྟོལ་བར་
བྱ༑
སུ་ལ་ནི་སངས་རྒྱས་བྱུང་བས་བརྒྱན་པའི་འཇིག་རྟེན་འབྲས་བུ་དང་བཅས་
པར་བྱ་སྙམ་
དུ་ཡེ་ཤེས་གཟིགས་པ་འཇུག་ག་གོ། རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས།
དུས་རླབས[༡༧]ཡོལ་བར་འགྱུར་ཡང་སྲིད། གདུལ་བར་བྱ་བའི་སྲས་རྣམས་ལ།
སངས་རྒྱས་དུས་ལས་ཡོལ་བ་མེད། སངས་རྒྱས་བཅོམ་ལྡན་འདས་རྣམས་ཇི་ལྟར་
ཉིན་དུས་གསུམ་མཚན་དུས་གསུམ་སྟེ། ཉིན་མཚན་དུས་དྲུག་ཏུ་སངས་རྒྱས་ཀྱི་
སྤྱན་གྱིས་འཇིག་རྟེན་ལ་གཟིགས་པ་
དེ་བཞིན་དུ། ཉན་ཐོས་ཆེན་པོ་རྣམས་ཀྱང་
7а----་ཏྲ་


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*