ལས་བརྒྱ་ཐམ་པ་པ།

གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག ཡང་དག་པར་
ཟངས[༡]བསྟོད། ཡང་དག[༢]་པར་དགའ་བར་མཛད་ནས། གདན་ལས་
བཞེངས་ཏེ་གཤེགས་ས་སོ།
དེ་ནས་ཕྱི་ཞིག་ན་ཁྱེའུ་དེའི་བློ་སྐྱེས་པ། བཅོམ་ལྡན་
འདས་ཀྱིས་བདག་གི་སྡུ
ག་བསྔལ་དང་ཡིད་མི་བདེ་བ་རྣམ་པ་དུ་མ་[༢]ནི་བསལ[༤]།
བདེ་བ་དང་ཡིད་བདེ་བ[༥]རྣམ་པ་དུ་མ་ནི་བསྒྲུབས། སྡིག་པ་མི་དགེ་བའི་ཆོས་
རྣམ་པ་དུ་མ་
ནི་བསལ། དགེ་བའི་ཆོས་རྣམ་པ་དུ་མ་ནི་བསྒྲུབས་ཀྱིས[༧]་བདག་
གི
ས་ཁྱིམ་ན་གནས་པ་བཏང་ལ་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་་་་་་་
སྤྱད་
དུ་འགྲོའོ་སྙམ་དུ༐བསམས་ཏེ[༨]ཕ་མ་ལ་གསོལ་ནས། བཅོམ་ལྡན་འདས་ག་
ལ་བ་དེར་སོང་སྟེ་ཕྱིན་ནས།
བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་
འཚལ་ཏེ།
བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་ག་ལ༐བ་
དེ་[༩]ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་་་་
བཙུན་པ་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་
བ་དང་།
བསྙེན[༡༠]་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་ཐོབ[༡༡]ཏུ་རུང་ན་བདག་
ཀྱང[༡༢]།
བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ།
དེ་ནས་དེ་ལ་བཅོམ་ལྡན་འདས་ཀྱིས་དགེ་སློང་ཚུར་ཤོག ཚངས་པར་སྤྱོད་ཅིག་
ཅེས་
བཀའ་སྩལ་ནས། ཚིག་དེ་སྐད་ཅེས་བཀའ་སྩལ་པའི་མོད་ལ་སྐྲ་དང་ཁ་སྤུ་
བྲེགས་ནས་ཞག་བདུན་ལོན་པ[༡༧]་ཙམ་དུ་གྱུར། སྤྱོད་ལམ་ནི་བསྙེན་པར་རྫོགས་
ནས་ལོ་བརྒྱ་ལོན་པ་ལྟ་བུར་
འདུག་པར་གྱུར། ལག་ན་ནི་ལྷུང་བཟེད་དང་། ཆུ་
སྣོད་ཐོགས་
པར་གྱུར་ཏོ། འདིར་སྨྲས་པ། དེ་བཞིན་གཤེགས་པས་ཚུར་ཞེས[༡༢]
་བཀའ་སྩལ་པས།
དེ་ནི་མགོ་བྲེགས་ལུས་ལ་སྣམ[༡༢]་སྦྱར་གྱོན། སངས་རྒྱས་ཀྱིས[༡༧]
་ནི་
དགོངས་པས་གོས་བགོས་ནས། མོད་ལ་དབང་པོ་རབ་ཏུ་ཞི་བར་གནས།
а----45


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*