བཀའའགྱུར། མདོ་སྡེ། ཀི

མ་ལ་གསོལ་ཏེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས། དེས་
ཀྱང་བརྩོན་
པ་དང་བསྒྲུབ[༡]་པ་དང་འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་་་་
ནསདགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ས་སོ།
དེ་ནས་དགེ་སློང་དག་གིས་
བཅོམ་ལྡན་འདས་ལ་ཞུས་པ་བཙུན་པ། བུ་མོ་བདེ་བྱེད་མ་དང་རྒྱལ་པོའི་བུ་དེས་
ལས་ཅི་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་ཕྱུག་ཅིང་ནོར་མང་ལ་ལོངས་སྦྱོད་ཆེ་
འི་རིགས་སུ་སྐྱེས་ལ། འདི་གཉིས་ཀྱིས་བཅོམ་ལྡན་འདས་མཉེས་པར་བགྱིས་ཏེ།
མི་མཉེས་པར་མ་བགྱིས་ནས། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ།
ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་
ལགས༑
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ལམ་གྱི་དབང་ལས་གྱུར་
ཏོ༑
བཙུན་པ་འདི་གཉིས་ཀྱིས་སྨོན་ལམ་གང་དུ་བཏབ་ལགས། བཅོམ་ལྡན་
འདས་ཀྱིས་བཀའ་སྩལ་པ།
དགེ་སློང་དག་སྡོན་བྱུང་བ་འདས་པའི་དུས་ན།
བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི[༢]་ཚེ་ལོ་ཉི་ཁྲི་ཐུབ་པ་ན། ཡང་དག་པར་
རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་་་་
རྟེན་མཁྱེན[༢]་པ་སྐྱེས་[༤]བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམས་་་་་
ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་
འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ།
དེའི་ཚེ་གྲོང་ཁྱེར་བཱ་རཱ་ཎ་སཱི་ན། ཁྱིམ་བདག་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་
བ་
ཞིག་གནས་པ་དེས། ཐབས་ཟླཱར་བབ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་
ལྷན་ཅིག་
ཏུ[༥]་རྩེ་ཞིང༐དགའ་ལ དགའ་མགུར་སྤྱོད་དོ། དེ་ནས་ཕྱི་ཞིག་ན་དེ་
གཉིས་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་
གི་བསྟན་པ་ལ་དད་པ་་
རྙེད་ནས།
དེ་གཉིས་གཅིག་ལ་གཅིག་སྨྲས་པ། བཟང་མོ[༧]་བདག་ཅག་གཉིས་
ལ་བུ་ཡང་མེད་བུ་མོ་ཡང་མེད་པས་འདས་[༨]ཏེ་ཤི་བའི་འོག་ཏུ་ཅི་བདོག་པ་འདི་་
7а----80


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*