ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་ པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ།
དེས་དགྲ་བཅོམ་པ་ཉིད་ཐོབ་ནས་ཡུལ་བཅོམ་བརླག་ཏུ་ཇི་སྲིད་དགའ་བའི་བར་དུ་
འདུག་འདུག་ནས་མཉན་དུ་ཡོད་པར་སོང་ང་ངོ་། དེ[༢]་དེར་སོང་ནས་གཏམ་དེ་
རྒྱ
ས་པར་དགེ་སློང་རྣམས་ལ་བསྙད[༢]་དོ། དེ་ནས་དགེ་སློང་རྣམས་ཀྱིས་བཅོམ་
ལྡན་འདས་ལ་ཞུས་པ།
བཙུན་པ་བུ་མོ་སྨཱད་འཚོང་མ་འདོད་པའི་འདོད་ཆགས་
ཀྱི་དབང་དུ་གྱུར་པས།
ཚེ་དང་ལྡན་པ་པད་མའི་མདོག་ཇི་ལྟར་མི་དགའ་བར་
བགྱིས་པ་དང་
སླཱར་དེ་ཉིད་ལ་བརྟེན་ནས་རབ་ཏུ་བྱུང་སྟེ། ཉོན་མོངས་པ་ཐམས་
ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་
བགྱིས་པ་ལ་གཟིགས། བཅོམ་
ལྡན་འདས་ཀྱིས་བཀའ་སྩལ་པ།
འདི་ནི་ཚེ་རབས་ལྔ་བརྒྱའི་བར་དུ་འདིའི་ཆུང་
ར་གྱུར་ཏེ། དེའི་སྔོན་གྱི་བག་ཆགས་ཀྱི་གཞི་ཡོད་པས་ན་མཐོང་མ་ཐག་ཏུ་ཀུན་
ཏུ་ཆགས་པར་གྱུར་ཏོ། བཙུན་པ་ཚེ་དང་ལྡན་པ་པད་མའི་མདོག་གིས་ལས་ཅི་
བགྱིས་ན། ལས་དེའི་རྣམ་པར་སྨིན་པས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་
བའི་རིགས་སུ་སྐྱེས་ལ།
བཅོམ་ལྡན་འདས་ཀྱང་འདིས་མཉེས་པར་བགྱིས་ནས།
བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ[༤]། ཉོན་མོངས་པ་ཐམས་ཅད་
སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་
བགྱིས་ལགས། བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ།
སྨོན་ལམ་གྱི་དབང་ལས་གྱུར་ཏོ། བཙུན་པ་འདིས་གང་
དུ་
སྨོན་ལམ་བཏབ་ལགས།་དགེ་སློང་དག་སྡོན་བྱུང་བ་འདས་པའི་དུས་ན་བསྐལ་
པ་
བཟང་པོ་འདི་ཉིད་ལ་སྐྱེ་དགུའི[༥]་ཚེ་ལོ་ཉི་ཁྲི་ཐུབ་པ་ན། དེ་བཞིན་གཤེགས་པ་
དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ།

བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ༐གདུལ་བྱའི་[༦]ཁ་ལོ་སྒྱུར་
བ༑
བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་
а----170


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*