ལས་བརྒྱ་ཐམ་པ་པ།

སློང་དག་ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་་་་་་་
སྨིན་པར་མི་འགྱུར།
ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ལ་
རྣམ་པར་སྨིན་པར་མི་འགྱུར་ཏེ།
ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་
པ་
རྣམས་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་འབའ་
ཞིག་ལ་རྣམ་པ
ར་སྨིན་པར་འགྱུར་རོ། ལུས་ཅན་དག་གི[༡]ལས་རྣམས་ནི།
བསྐལ་པ་བརྒྱར་ཡང་ཆུད་མི་ཟ། ཚོགས་ཤིང་དུས་ལ་བབ་པ་ན། འབྲས་
བུ་ཉིད་དུ་སྨིན་པར་འགྱུར།
དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན།
[༢]བསྐལ་པ་གྲངས་མེད་པ་གཉིས་ལ་བབ་པ་ན། ཡང་དག་པར་རྫོགས་པའི་སངས་་་་
རྒྱས་རིག་པ་དང་ཞབས་སུ་ལྡན་པ།
བདེ་བར་གཤེགས་པ། འཇིག་རྟེན༐མཁྱེན་
པ[༢]༑
སྐྱེས་བུ༐གདུལ་བྱའི[༤]་ཁ་ལོ་སྒྱུར་བ། བླ་ན[༥]་མེད་པ། ལྷ་དང་མི་རྣམས་
ཀྱི་སྟོན་པ།
སངས་རྒྱས་བཅོམ་ལྡན་འདས་མར་མར་མེ་མཛད་ཅེས་བྱ་བ་འཇིག་རྟེན་
དུ་བྱུང་ང་ངོ་།
དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ལྗོངས་
རྒྱུ་
ཞིང་གཤེགས་པ་ལས། རྒྱལ་པོའི་ཕོ་བྲང་མར་མར་མེ་ལྡན་ཞེས་བྱ་བར་བྱོན་ཏོ།
དེའི་ཚེ་རྒྱལ་པོའི་ཕོ་བྲང་མར་མེ་ལྡན་ན་རྒྱལ་པོ་མར་མེ་ཞེས་བྱ་བ་རྒྱལ་པོ་བྱེད་དེ།
དེའི་རིང་ལ་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་།
སྐྱེ་བོ་དང་། མི་མང་པོས་གང་བ་དང་། རྩོད་པ་དང་། འཐབ་པ་ཞི་བ་དང་།
འཁྲུག་པ་དང་། ནང་འཁྲུག་དང་། ཆོམ་རྐུན་དང་། ནད་དང་། མུ་གེ་མེད་
པ་དང་།
འབྲས་སཱ[༧]་ལུ་དང་། བུ་རམ་ཤིང་དང་། བ་ལང་དང་། མ་ཧེ་
དང་ལྡན་པར་
འདུག་སྟེ། གནོད་པ་མེད་ཅིང་ཚེར་མ་དཀྲུགས་ལ་བུ་གཅིག་པ་
སྡུག་པ་
ལ[༨]བྱ་བ་བཞིན་དུ་རྒྱལ་སྲིད་བྱེད་ད་དོ། དེ་ནས་རྒྱལ་པོ་མར་མེས་ཡང་
དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་
གྲོང་ཁྱེར་གྱི་ནང་དུ་ཞབས་ས་ལ་་་་་་་
а----201


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*