ལས་བརྒྱ་ཐམ་པ་པ།

བཤད་དོ། དེ་ནས་དེ་ཐོས་མ་ཐག་ཏུ་དེ་གཉིས་ཀྱང་ཡང་དག་པར་རྫོགས་པའི་
སངས་རྒྱས་འོད་སྲུང་
ལ་ཤས་ཆེར་དགའ་བ་སྐྱེས་སོ། དགའ་བ་སྐྱེས་ན་ས་དེ་
གཉིས་ཀྱང་ཡང་དག་པར་
རྫོགས་པའི་སངས་རྒྱས་འོད་སྲུང་གི་ཐད་དུ་སོང་སྟེ།
སྐྱབས[༡]་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་བླངས་ནས་དེ་རྣམས་འཐུན་པར་་
གྱུར་
ཏེ་ལྷན་ཅིག་འགྲོགས[༢]་ཤིང་འཁོད་ནས། དེ་རྣམས་ཀྱིས་ཆེ་གཅིག་ཏུ་སྐྱབས་
སུ་འགྲོ་བ་
དང་བསླབ་པའི་གཞི་རྣམས་བསྲུངས་ཏེ། འཆི་ཀར[༢]སྨོན་ལམ་བཏབ་
པ༑
འདི་ལྟར་བདག་ཅག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་[༤]
བསྟན་པ་ལ་
ཚེ་གཅིག་ཏུ་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་བསྲུངས་
པའི་དགེ་བའི་རྩ་
བ་འདིས་ན་བདག་ཅག་གང་དང་གང་དུ་སྐྱེ་བ་དེ་དང་དེར་གཙོ་་་་
བོར་སྨོས་པ
ར་གྱུར་ཅིག ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་
བྲམ་ཟེའི[༥]་ཁྱེའུ་བླ་མ་
ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་
དེ་
བདག་ཅག་གིས་མཉེས་པར་བྱེད་པར་གྱུར་ཅིག མི་མཉེས་པར་བྱེད་པར་མ་
གྱུར་
ཅིག་ཅེས་བྱས་སོ། དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་ཀླུའི་རྒྱལ་པོ་
དབུགས་དང་དབུགས་ཆེན་ཞེས་བྱ་བར་གྱུར་པ་གང་ཡིན་པ་དེ་གཉིས་ནི་རྒྱལ་པོ་་་་་་་
ཆེན་པོ་ཡུལ་འཁོར་སྲུང[༦]་དང་འཕགས་སྐྱེས་པོ་ཡུལ་དབུས་པར་གྱུར་པ་འདི་གཉིས་
ཁོ་ན་
ཡིན་ནོ། དེའི་ཚེ་ན་མ་མཁའ་ལྡིང་གི་རྒྱལ་པོ་སྒྲ་སྙན་དང་སྒྲ་ཆུང་ཞེས་བྱ་
བར་
གྱུར་པ་གང་ཡིན་པ་དེ་གཉིས་ནི། རྒྱལ་པོ་ཆེན་པོ་མིག་མི་བཟང་དང་རྣམ་
ཐོས་ཀྱི་བུ་ཞེས་
བྱ་བ་ཡུལ་མཐའ་འཁོབ་པར་གྱུར་པ་འདི་གཉིས་ཁོ་ན་ཡིན་ནོ།
དེ་རྣམས་ཀྱིས་དེར་ཚེ་གཅིག་ཏུ་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་
བསྲུངས[༧]་ནས་འཆི་ཀར[༨]་སྨོན་ལམ་བཏབ་སྟེ། ཀྱེ་མ་ད་གེ་བའི་རྩ་བ་འདིས་
བདག་ཅག་
གང་དང་གང་དུ་སྐྱེ་བ་དེ་དང་དེར་གཙོ་བོར་སྨོས་པར་གྱུར་ཅིག
а----295


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*