བཀའའགྱུར། མདོ་སྡེ། ཀི

གལ་གྱི[༡]་བུས་ནི་ཉིས་བརྒྱ་ལྔ་བཅུ་པོ་དེ་དག་ཕྱིར་མི་འོང་བའི་འབྲས་བུ་ལ་བཀོད་་་་་་
ད་དོ༑
ཚེ་དང་ལྡན་པ་ཤཱ་རིའི་བུས་ནི་ཉིས་བརྒྱ[༢]་ལྔ་བཅུ་པོ་དེ་དག་རྒྱུན་དུ་ཞུགས་
པའི་འབྲས་བུ་ལ་བཀོད་ད་དོ།
སངས་རྒྱས་བཅོམ་ལྡན་འད་ས་རྣམས་ཀྱི་ཉན་ཐོས་
རྣམས་ནི་ཆོས་ཉིད་ཀྱིས་དུས་གཉིས་སུ་ཕལ་པོ་ཆེ་འདུ་བར་འགྱུར་ཏེ། དབྱར་ཟླ་
འབྲིང་པོ་ལ་དབྱར་
གན་ས་པའི་དུས་ལ་བབ་པ་དང་། སྟོན་ཟླཱ་ཐ་ཆུངས་[༢]ཉ་ལ་
འདུ་བར་འགྱུར་ཏེ། དབྱར་ཟླཱ་འབྲིང་པོ་ལ་དབྱར་གནས་པའི་དུས་ལ་བབ་པ་
དེའི་ཚེ་ནི།
དགེ་སློང་དག་གིས་[༤]ཡིད་ལ་བྱེད་པའི་ལུང་མནོས་ནས། རིའི་
སུལ་དང་
རིའི་ཕུག་དང་སོག་མའི་ཕུག་དང་ཐང་ད་ང་དུར་ཁྲོད་དང་ནགས་ཁྲོད་ཀྱི་
གནས་
དེ་དག་ཏུ་དབྱར་གནས་པར་དམ་འཆའ་བར་བྱེད་དོ། སྟོན་ཟླཱ་ཐ་ཆུངས་[༥]
ཉ་ལ་
ནི་དེ་ནས་དོང སྟེ། རྟོགས་པ་ནི་རྗོད[༧]པར་བྱེད་ལ་མ་རྟོགས་པ་ནི་གོང་[༨]
དུ་འདྲི་བར་བྱེད་དོ། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་ཚེ་དང་ལྡན་པ་མཽད་
གལ་གྱི་བུ་
གཉིས་ཀྱི་འཁོར་ལྔ་བརྒྱ་དང་ཆེ་དང་ལྡན་པ་བྲམ་ཟེ་ཀ་པི[༩]་ན་ཆེན་པོའི་
འཁོར་
ལྔ་བརྒྱ་པོ་དེ[༡༠]་དག་ད་བྱར་གནས[༡༡]པར་བྱས་ཏེ། དབྱར་གནས་ཟིན་ནས་
དབྱར་ཟླ
ཱ་གསུམ་འདས་པའི་འོག་ཏུ་ཆོས་གོས་བྱས་ཏེ་ཆོས་གོས་ཟིན་ནས། ཆོས་
གོས་གྱོན་ཏེ་ལྷུང་བཟེད་ཐོགས་ནས་
བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་་
ནས་བཅོམ་ལྡན་འད་ས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་[༡༢]ཏེ་ཕྱོགས་གཅིག་ཏུ་
འཁོད་དོ།
ཕྱོགས་གཅིག་ཏུ་འཁོད་ནས་དགེ་སློང་དེ་དག་བཅོམ་ལྡན་འདས་ཀྱི་
སྤྱན་སྔར་
རྟོགས་པ་ནི་རྗོད་པར་བྱེད་མ་རྟོགས་པ་ཡན་ཅད[༡༢]་ནི་ཞུ་བར་བྱེད་དོ།
དེ་ན་ས་བཅོམ་ལྡན་འདས་ཀྱིས་དེ་དག་ལ་གོང་མའི་ཡིད་ལ་བྱེད་པའི་ལུང་ཕོག་ནས།
དེ་དག་གིས་ཀྱང་བརྩོན་པ་དང་བསྒྲུབ[༡༢]་པ་དང་འབད་པས་ཉོན་མོངས་པ་ཐམས་
ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ།
དེ་ནས་དགེ་སློང་དེ་
а----306


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*