ལས་བརྐྱ་ཐམ་པ་པ།

གསེར་དང་བོང་བར་མཉམ་པ་ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་་་་
དང་ལྡན་པ་
ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ་རིག་པས་སྒོ་ངའི་སྦུབས་
བཅོམ་པ་རིག་པ་དང་མངོན་པར་ཤེས་པ་དང་། སོ་ས་ཡང་དག་པར་རིག་པ་ཐོབ་
པ་སྲིད་
པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ་དབང་པོ་
དང་[༡]ཉེ་
དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད[༢]པ་ད་ང་གུས་པར་
སྨྲ་བ
འི་གནས་སུ་གྱུར་ཏོ། དེ་ནས་དགེ་སློང་དག་གིས་སངས་རྒྱས་བཅོམ་ལྡན་
འདས་ལ་ཞུས་པ།
བཙུན་པ་ཆོས་བྱིན་མས་ལས་ཅི་ཞིག་བགྱིས་ན་ལས་དེའི་རྣམ་
པར་སྨིན་པས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་
རིགས་སུ་སྐྱེས་ལ།
བཅོམ་ལྡན་འདས་ཀྱང་འདིས་མཉེས་པར་བགྱིས་ཏེ་མི་མཉེས་པར་མ་བགྱིས།
བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་་་་་
སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་
ནས་འདི་ཁོ་ན་ལས་[༢]བརྟེན་ཏེ།
བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ་ཕྲིན་གྱིས་བསྙེན་པར་རྫོགས་པར་
གནང་བར་མཛད་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ལམ་གྱི་
དབང་ལས་
གྱུར་ཏོ། བཙུན་པ་འདིས་སྨོན་ལམ་གང་དུ་བཏབ་ལགས། དགེ་
སློང་དག་སྔོན་བྱུང་བ་འདས་པའི་དུས་ན་
བསྐལ་[༥]པ་བཟང་པོ་འདི་ཉིད་ལ་སྐྱེ་
དགུའི་[༦]ཚེ་ལོ་ཉི་ཁྲི་ཐུབ་པ་ན།
ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་
དང་ཞབས་སུ་ལྡན་པ།
བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་
བུ༐
གདུལ་བྱའི་[༧]ཁ་ལོ་སྒྱུར་[༨]བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ།
སངས་རྒྱས་བཅོམ་ལྡན་འད་ས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་
ཚེ་བཱ་རཱ་ཎ་སཱི་ན་ཁྱིམ་བདག་
ཅིག་[༩]གནས་པ་ལས་ཕྱི་ཞིག་ན་དེའི་བུ་མོ་གཟུགས་
བཟང་ཞིང་བལྟ[༡༠]་ན་སྡུག་ལ་མཛེས་པ་
ཡུལ་ན་བཟང་བ་བྱད་གཟུགས་དཔེ་མེད་པ་་
7а----323


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*