བཀའ་འགྱུར། མདོ་སྡེ། ཀི

ན་ཡང་འདིས་འདི་གཉིས་ཁོ་ན་ལ སེམས་སྡང་བར་བྱས་པས་ཇི་ལྟར་སེམས་ཅན་་་་
དམྱལ་བར་གཞོལ་བར་གྱུར་
པ་དེ་ཉོན་ཅིག དགེ་སློང་དག་སྔོན་བྱུང་བ་འདས་
པའི་དུས་ན་གྲོང་ཁྱེར་
འཐབ་མེད་ཅེས་བྱ་བ་ན། རྒྱལ་པོ་སྡེ་ཆེན་པོ་ཞེས་བྱ་བ་
རྒྱ
ལ་པོ་བྱེད་དེ[༢]། རྒྱལ་པོ་སྡེ་ཆེན་པོ་[༢]དེའི་མདུན་ན་འདོན་བྲམ་ཟེ་མཁས་ཤིང་
གསལ་ལ་ཡིད་གཞུངས་པ་དང་
བསྟན་བཅོས་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞིག་་
འདུག་པ་དེ་ཡུལ[༤]་ཐམས་ཅད་དུ་བཀུར་སྟི་བྱ་བ་དང་བླ་མར་བྱ་བ་དང༐རི་མོར་བྱ་
བ་དང
མཆོད་པར་བྱ་བ་དང་དགྲ་བཅོམ་པར་བཀུར་བར་གྱུར་ཏེ། རྙེད་པའི་
མཆོག་དང་གྲགས་པའི་མཆོག་དང་ལྡན་པ
ར་གྱུར་ཏོ། དེའི་ཚེ་ནགས་ཁྲོད་ཞིག[༦]
་ན་དྲང་སྲོང་
གཡོག་འཁོར་ལྔ་བརྒྱ་ད་ང་ལྡན་པ་ཞིག་གནས་ཏེ། དེ་ལ་[༧]བྲམ་ཟེའི་
ཁྱེའུ་
མཁས་ཤིང་གསལ་ལ་ཡིད་གཞུངས་པ་དང་བསྟན་བཅོས་ཐམས་ཅད་ཀྱི་ཕ་་་་
རོལ་ཏུ་ཕྱིན་
པ་གཉིས་ཤིག་འཁོད་དོ། དེ་ནས་ཕྱི་ཞིག་ན་དྲང་སྲོང་དེས་བསམས་
པ་བདག་གིས་དཀའ་ཐུབ་ཀྱི་ཚལ་འདི་ན་འདུག་བཞིན་དུ་སྐྱེ་བོ་མང་པོ་ལ་ཕན་
པར་བྱེ
ད་མི་ནུས་ཀྱིས་[༨]མ་ལ་བདག༐གིས་གྲོང་འདབ་ཏུ[༩]་གན་ས་བཅའ་བར་བྱའོ་
སྙམ་ནས། གན་ས་དེ་ཉིད་ནས་ཐག་མི་རིང་བ་ཞིག་ཏུ་ཡལ་ག་དང་ལོ་མའི་སྤྱིལ་
པོ་ཕུབ[༡༠]ནས་འདུག་སྟེ། དེ་དེ་ན་བཀུར་སྟི་བྱ་བ་དང་བླ་མར་བྱ་བ་དང་རི་མོ་ར་
བྱ་བ་དང་མཆོད༐པ་བྱ་བའི[༡༡]གནས་སུ་གྱུར་ཏོ། དེ་ནས་དྲང་སྲོང་དེ་ཡང་རྒས་
ནས་གནས་དེ་དག་ཏུ་འགྲོ་མི་ནུས་སོ། དེའི་ཚེ་བྲམ་ཟེའི་ཁྱེའུ་དེ་གཉིས་ནི་དེར་
འགྲོ་ཞིང་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་ཕྱུག་པོ་རྣམས་དང་
ཁྱིམ་བདག་རྣམས་ད་ང་ཕོ་བྲང་འཁོར་གྱི་མི་རྣམས་དང་ཚོང་དཔོན་རྣམས་དང་་
དེད་དཔོན་
རྣམས་ཀྱི་ཐད་དུ་འགྲོ་སྟེ། དེ་གཉིས་དེར་བཀུར་སྟི་བྱ་བ་དང་བླ་མར་
བྱ་བ་
དང་རི་མོར་བྱ་བ་དང་མཆོད་པར་[༡༨]བྱ་བ་དང་དགྲ་བཅོམ་པར་བཀུར་བར་
а----396


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*