ལས་བརྒྱ་ཐམ་པ་པ།

སེར་སྣ་ཅན་དུ་མི་འགྱུར་ལ། དེ་དག་ཀུན་ཏུ་འཛིན་[༡]པའི་སེམས། ནམ་ཡང་
སྐྱེ་བར་མི་འགྱུར་ན།
གང་ཕྱིར་བྱིས་པ་གཏི་མུག་གིས། བསྒྲིབས་པ་ཀུན་གྱིས་
མ[༢]
ཤེས་པས། དེ[༢]་ཕྱིར་ཀུན་དུ་འཛིན་སེམས་ཀྱིས། རྟག་ཏུ་མ་བྱིན་[༤]ཟ་བར་
བྱེད་༑
དེ་དག་སེར་སྣ་སྐྱེས[༥]་ན་ས་ཀྱང་། སེམས་ནི་ཀུན་ནས་དཀྲིས་ཤིང་
འདུག
དེ་ནས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་
པ་གཟིགས་ལགས།
བཅོམ་ལྡན་འདས་ནི་སྦྱིན་པ་དང་སྦྱིན་པའི་བགོ་བཤའི་
བསྔགས་པ༐གསུང་བ[༦]ལགས་ས་སོ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་
ལྟར་འབའ་ཞིག་མ་ཡིན་ཏེ།
འདས་པའི་དུས་ན་ཡང་ང[༧]ཇི་ལྟར་སྦྱིན་པ་དང་།
སྦྱིན་པའི་བགོ་བཤའི་བསྔགས་པ་བརྗོད་པར་གྱུར་པ་དེ་ཉོན་ཅིག དགེ་སློང་དག་
སྔོན་བྱུང་བ་འདས་པའི་དུས་ན་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་
རྒྱལ་པོ་ཟླཱ་འོད་ཅེས་བྱ་བ་་་་་
རྒྱལ་པོ[༨]
བྱེད་དེ། དེའི་རིང་ལ་འབྱོར་པ་དང་རྒྱས་པ་དང་བདེ་བ་དང་ལོ་ལེགས་
པ་
དང་སྐྱེ་བོ་དང་མི་མང་པོས་གང་བ་ད་ང་རྩོད་[༩]པ་དང་འཐབ་པ༐ཞི་བ་[༡༠]དང་
འཁྲུག་པ་
དང་ནང་འཁྲུག་དང་ཆོམ་རྐུན་དང་ནད་དང་མུ་གེ་མེད་པ་དང་འབྲས་སཱ་
ལུ་དང་
བུ་རམ་ཤིང་དང་བ་ལང་དང་མ་ཧེ་དང་ལྡན་པར་འདུག་སྟེ། གནོད་པ་
མེད་ཅིང་
ཚེར་མ་དཀྲུགས་ལ། བུ་གཅིག་པ་སྡུག་པ་ལ་བྱ་བ་བཞིན་དུ་ཆོས་བཞིན་
དུ་རྒྱལ་སྲིད་བྱེད་ད་དོ།
རྒྱལ་པོ་དེ་ཡང་བྱམས་པའི་བདག་ཉིད་ཅན་སྙིང་རྗེ་དང་
ལྡན་པ།
སེམས་ཅན་ལ་བྱམས་པ་སྦྱིན་པ་ལ་དགའ་བ་ཞིག་ག་གོ། དེ་སྦྱིན་པ་དག་
སྦྱིན[༡༡]ཞིང་བསོད་ནམས་དག་བྱེད་ད་དེ། དེ་ཟས་འདོད་པ་རྣམས་ལ་ནི་ཟས་སྦྱིན་
པར་བྱེད།
སྐོམ་འདོད་པ་རྣམས་ལ་ནི་སྐོམ་སྦྱིན་པར་བྱེད། གོས་འདོད་པ་
རྣམས་ལ་ནི་གོས་
སྦྱིན་པར་བྱེད། སྤོས་དང་མེ་ཏོག་ཕྲེང[༡༧]་དང་བྱུག་པ་འདོད་པ་
རྣམས་ལ་ནི་
སྤས་དང་མེ་ཏོག་ཕྲེང[༡༨]་དང་བྱུག་པ་རྣམས་སྦྱིན་པར་བྱེད་དོ། ནད་
а----411


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*