བཀའ་འགྱུར། མདོ་། ཀི

པ་བཞིས་མི་འཇིགས་པ། འགྲོ་བ་ལྔར་འགྲོ་བ་ལས་རྣམ་པར་གྲོལ་བ། སྐྱེ་
མཆེད་དྲུག་ལ་མཁས་པ།
བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སྤྱོད་ཡུལ་བ། རྣམ་
པར་ཐར་པ་བརྒྱད་ལ་བསམ་གཏན་པ།
མཐར་གྱིས་གནས་པའི་སྙོམས་པར་
འཇུག་པ་དགུ་ལ་སྙོམས་པར་འཇུག་པ།
སྟོབས་བཅུའི་སྟོབས་དང་ལྡན་པ་ཡང་
དག་པའི་སེང་གེའི་སྒྲ་
ཆེན་པོ་སྒྲོགས[༡]པ་རྣམས་ནི། ཆོས་ཉིད་ཀྱིས། ཉིན་དུས་
གསུམ་མཚན་དུས་གསུམ་སྟེ།
ཉིན་མཚན་དུས་དྲུག་ཏུ་སངས་རྒྱས་ཀྱི[༢]་སྤྱན་གྱིས་
འཇིག་རྟེན་ལ་གཟིགས་ཏེ།
སུ་ནི་རྒུད་སུ་ནི་དར་སུ་ནི་ཕོངས་ཤིང་འདུག་སུ་ནི་
ཉམ་ང་བར་གྱུར།
སུ་ནི་གནོད་པ་དང་ལྡན་སུ་ནི་ཕོངས་པ་དང་ཉམ་ང་བ་དང་
གནོད་
པ་དང་ལྡན་སུ་ནི་ངན་སོང་དུ་གཞོལ་སུ་ནི་ངན་སོང་དུ་འབབ་སུ་ནི་ངན་་་་
སོང་དུ་
བབ[༢]སུ་ནི[༤]ངན་སོང་ནས་ཕྱུང[༥]སྟེ། མཐོ་རིས་དང་ཐར་པ་དང་འབྲས་
བུ་ལ་གཞག་པར་བྱ།
སུ་ནི་ཉེས་པར་སྤྱོད་པའི་འདམ་དུ་བྱིང་བ་ལས་ལག་ནས་
དྲང་བར་བྱ། སུ་ནི་འཕགས་པའི་ནོར་བདུན་མེད་པ་ལས་འཕགས་པའི་ནོར་
བདུན་གྱི་དབང་ཕྱུག་ལ་
དབང་བྱེད་དུ་གཞུག་པར་བྱ། སུ་ནི་དགེ་བའི་རྩ་བ་་་་
རྣམས་མ་བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་
པ་
ལས་ཡོངས་སུ་སྨིན་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་ཡོངས་སུ་སྨིན་ཟིན་པ་
ལས་
ཡེ་ཤེས་ཀྱི་མཚོན་གྱིས་བརྟོལ་[༦]བར་བྱ། སུ་ལ་[༧]ནི་སངས་རྒྱས་བྱུང་བས་
བརྒྱན་པའི་འཇིག་རྟེན་འབྲས་བུ་དང་བཅས་པར་བྱ་སྙམ་དུ་ཡེ་ཤེས་གཟིགས་པ་་
འཇུག་ག་གོ།
རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། དུས་རླབས་ཡོལ་བར་འགྱུར་
ཡང་སྲིད།
གདུལ་བར་བྱ་བའི་སྲས་རྣམས་ལ། སང་ས་རྒྱས་དུས་ལས་ཡོལ་བ་
མེད༑
དེ་ནས་བཅོམ་ལྡན་འདས་ཀྱིས་དགོངས་ནས། ཚོང་པ་ལྔ་བརྒྱ་པོ་རྣམས་
འདུལ་བའི་དུས་ལ་བབ་པར་
ཐུགས་སུ་ཆུད་ན་ས། ཕྱག་གླང་པོ་ཆེའི་སྣ་ལྟ་བུ་
а---422


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*