ལས་བརྒྱ་ཐམ་པ་པ།

ཡལ་ག་འཛིན་ཅིང་ཕྱི་བཞིན་འབྲང་ངོ[༡]། དེ་ནས་གྲོང་གཞན་དུ་གཤེགས་ཀྱི་
བར་དུ་
བསྐྱལ་ཏེ། ཕྱིར་ལོག་ནས་དེ་ཕྱིར་ལྡོག་ཅིང་འོང་བ་ན། རི་དགས་ཀྱི་
རྒྱལ་པོ་སེང་གེ
ས་བསད་དེ་དེ་ཤི་འཕོས་ནས་དུས་ལས་འདས་པའི་འོག་ཏུ་ལྷའི་ནང་
དུ་སྐྱེས་ཏེ།
ལྷའི་བུའམ་ལྷའི་བུ་མོ་སྐྱེས་མ་ཐག་པ་ནི་ཆོས་ཉིད་ཀྱིས་སེམས་རྣམ་པ་
གསུམ་སྐྱེ་
བར་འགྱུར་ཏེ། གང་ནས་ཤི་འཕོས་གང་དུ་སྐྱེས་ལས་གང་གིས་སྐྱེས་
སྙམ་མོ། དེ་ན་ས་དུད་འགྲོ་ལས་ཤི་འཕོས་པ་དང་སུམ་ཅུ[༢]་རྩ་གསུམ་པའི་ལྷ་ཡུལ་
བཟང་པོར་སྐྱེས་པ་དང་། བཅོམ་ལྡན་འདས་ལ་སེམས་དགའ་བར་གྱུར་པར་[༢]
དེས་མཐོང་ངོ་། དེ་ནས་སྔོན་གླང་པོ་ཆེར་གྱུར་པའི་ལྷའི་བུ་དེ་འདི་སྙམ་དུ་་་་
སེམས་ཏེ།
བདག་ཞག་ལོན་ནས་གཟོད[༤]བཅོམ་ལྡན་འདས་བལྟ་བའི་ཕྱིར་འགྲོ་
བ་ནི་བདག་གི་ཆ་མ་ཡིན་གྱིས[༥]།
བདག་ཞག་མ་ལོན་པར་བཅོམ་ལྡན་འད་ས་
བལྟ་བའི་ཕྱིར་
འགྲོ་སྙམ་མོ། དེ་ནས་སྔོན་གླང་པོ་ཆེར་གྱུར་པའི་ལྷའི་བུ་རྣ་ཆ་
གདུབ་ཀོར་
དག་ཅིང༐འགུལ་པ་[༦]ཐོགས་པ་ལུས་དོ་ཤལ་དང་སེ་མོ་དོས་བ་རྒྱན་པ་
ནོར་བུ་རིན་པོ་ཆེ་སྣ
་ཚོགས་ཀྱིས་སྤྲས་པའི་ཅོད་པན་ཅན། ལུས་གུར་གུམ་དང་ཏ་
མ་ལའི་
ལོ་མ་དང་སྤྲྀ[༧]ཀ་ལ[༨]་སོགས་པས་བྱུགས་པ་དེས། དེ་ཉིད་ཀྱི་མཚན་མོ་
ལྷ
འི་མེ་ཏོག་ཨུད་པ་ལ་དང་པད་མ་དང་ཀུ་མུ་ད་དང་པད་མ་དཀར་པོ་དང་མན་དཱ་
ར་བ་རྣམས་ཀྱིས་ཐུ་བ་བཀང་སྟེ།
རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཐམས་ཅད་འོད་ཆེན་
པོས་
སྣང་བར་བྱས་ནས། བཅོམ་ལྡན་འད་ས་ལ་མེ་ཏོག་གིས་གཏོར་ཏེ་ཆོས་མཉན་
པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ།
དེ་ནས་བཅོམ་ལྡན་འདས་
ཀྱིས་སྔོན་
གླང་པོ་ཆེར་གྱུར་པའི་ལྷའི་བུའི་བསམ་པ་དང་བག་ལ་ཉལ་དང་ཁམས་་་་
དང་རང་བཞིན་
ཐུགས་སུ་ཆུད་ནས། འཕགས་པའི་བདེན་པ་བཞི་རྟོགས་པར་
འགྱུར་བ་དེ་ལྟ་བུའི་ཆོས་བསྟན་ཏེ།
དེ་ཐོས་ནས་སྔོན་གླཱང་པོ་ཆེར་གྱུར་པའི་ལྷའི་
7а----441


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*