ལས་བརྒྱ་ཐམ་པ་པ།

བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ།
དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དགེ་སློང་ཚུར་ཤོག་ཅེས་བྱ་བའི་ཚིག་གིས་རབ་ཏུ་
ཕྱུང་སྟེ་བསྙེན་པར་རྫོགས་པར་མཛད་ནས་དེ་ལ་ལུང་ཡང[༡]ཕོག་གོ། དེས་ཀྱང་
བརྩོན་
པ་དང་བསྒྲུབ་[༢]པ་དང་འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས།
དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་དགྲ་བཅོམ་པ་ཁམས་གསུམ་པའི་
འདོད་ཆགས་དང་བྲལ་བར་
གྱུར་ནས། གསེར་དང་བོང་བར་མཉམ་པ། ནམ་
མཁའ་དང་ལག་མཐིལ་དུ་
འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ
བུར་བསིལ[༢]་བར་གྱུར་པ།
རིག་པས་སྒོ་ངའི་སྦུབས་བཅོམ་པ་རིག་པ་དང་མངོན་
པར་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ།
སྲིད་པའི་རྙེད[༤]པ་དང་
ཆགས་པ་དང་བཀུར་སྟི་ལ་མི་ལྟ་བ།
དབང་པོ་ད་ང་ཉེ་དབང་དང་བ་ཅས་པའི་ལྷ་
རྣམས་ཀྱིས་མཆོད་
ཅིང་རྗེད་ པ་དང་གུས་པར༐སྨྲ་བའི[༦]་གནས་སུ་གྱུར་ཏོ། དེ་
ནས་དགེ་སློང་རྣམས་ཀྱིས་
སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་
མི་
སྡུག་པས་ལ་ས་ཅི་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་ཕྱུག་ཅིང་ནོར་མང་ལ་
ལོངས་སྤྱོད་ཆེ་བའི་རིགས་སུ༐
སྐྱེས་ལ[༧]། མི་སྡུག་པའི་སྣ་གྲངས་བ་ཅྭ[༨]་བརྒྱད་དང་
ལྡན་པ
ར་གྱུར་ནས། འདི་མི་སྡུག་པའི་ཕྱིར་ཕ་མ་གཉིས་ཀྱིས་ཁྱིམ་ནས་བསྐྲད་ལ།
རབ་ཏུ་བྱུང་བའི་སེམས་བསྐྱེད་མ་ཐག་ཏུ་དེའི་མི་སྡུག་པ་མ་མཆིས་པར་གྱུར་ཏེ།
བྱད་གཟུགས་བཟང་པོར་གྱུར་ནས་འདིས་བཅོམ་ལྡན་འདས་མཉེས་པར་བགྱིས་་་་་
ཤིང་༑
མི་མཉེས[༩]་པར་མ[༡༠]བགྱིས་ལ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་
ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ།
དགྲ་བཅོམ་པ་ཉིད་མངོན་སུམ་
དུ་བགྱིས་ལགས།
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་མི་
སྡུག་པ་
ཉིད་ཀྱིས[༡༡]་ལས་དེ་ལྟ་བུ་བྱས་ཤིང་བསགས་ཏེ་དགེ་སློང་དག་སྔོན་བྱུང་བ་་་་་་་
а----487


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*