བཀའ་འགྱུར། མདོ་སྡེ། ཀི

གང་དང་གང་དུ་སྐྱེ་བ་དེ་དང་དེར་ ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་་་་
རིགས་སུ་སྐྱེ་
བར་ཤོག་ཅིག འདི་ཉིད་བདག་ཅག་གི་བུར་གྱུར་ནས་འདི་ཁོ་ན་
ལས་བརྟེན[༢]་ཏེ། བདག་ཅག་གཉིས་ཀྱིས་སྟོན་པ་འདི་འདྲ་བ་མཉེས་པར་བྱེད་
པར་གྱུར་ཅིག
མི་མཉེས་པར་བྱེད་པར་མ་གྱུར་ཅིག དེ་ཁོ་ནའི་བསྟན་པ་ལ་
རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ།
དགྲ་བཅོམ་པ་ཉིད་མངོན་
སུམ་དུ་བྱེད་པར་
ཤོག་ཅིག་ཅེས་བྱས་ས་སོ། དགེ་སློང་དག་ཇི་སྙམ་དུ་སེམས།
དེའི་ཚེ་བློན་པོའི[༢]བུར་གྱུར་པ་གང་ཡིན་པ་དེ་ནི་བཟང་པོ་འདི[༤]་ཁོ་ན་ཡིན་ནོ།
དེའི་ཚེ་ཕ་མར་གྱུར་པ་གང་ཡིན་པ་དེ་གཉིས་ནི་ཕ་མ་འདི་གཉིས་ཁོ་ན་ཡིན་ནོ།
དེས་མཆོད་རྟེན་དེ་ལ་བཀུར་[༥]སྟི་བྱས་ནས་སྨོན་ལམ་བཏབ་པའི་ལས་དེའི་རྣམ་
པར་སྨིན་པས་ནི།
གང་དང་གང་དུ་སྐྱེས་པ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་
ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ཏེ།
དགེ་སློང་དག་ང་ཡང་དག་པར་རྫོགས་
པའི་སངས་རྒྱས་འཁོར་བ་འཇིག་
དང་ཤིན་ཏུ་མཉམ་པ་དང་། ཤུགས་མཉམ་པ་
དང་༑
མཛད་པ་མཉམ་པ་དང་། ཐབས་མཉམ་པ་བརྙེས་པར་གྱུར་ནས། འདིས་
ང་མ
ཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་་
ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་
བྱས་སོ།
དེར་ཕ་མ་དེ་གཉིས་ཀྱིས་མཆོད་རྟེན་དེ་ལ་བཀུར་སྟི་བྱས་ནས་སྨོན་ལམ་
བཏབ་པའི་
ལས་དེའི་རྣམ་པར་སྨིན་པས་ནི་གང་དང་གང་དུ་སྐྱེས་པ་དེ་དང་དེར་
ཕྱུག་
ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ནས། བུ་འདི་ཁོ་ན་
ལས་[༦]བརྟེན་ཏེ་འདི་གཉིས་ཀྱིས་ང་མཉེས་པར་བྱས་ཏེ། མི་མཉེས་པར་མ་བྱས་
པ[༧]
ལ་ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་
དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ།
གཞན་ཡང་ཡང་[༨]དག་པར་རྫོགས་
а----བྱ18


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*