༡ བཀའ་འགྱུར། རྒྱུད་འབུམ། ཀི ༨༠
དང་ཤེས་ར་བ་ཆོ་ག་ཡིས། །དེ་ཉིད་རིག་པས་རྟག་ཏུ་མཆོད་། །ཇི་ལྟར་བྱེ་བར་
མི་འགྱུར་བར། །རབ་ཏུ་འབད་པས་བསྟེན་པ་ཉིད། །མ་གསང་སྦྲུལ་ད་ང་ཆོམ་
རྐུན་དང་། །ས་སྤྱོད་མེ་ཡིས་སྡུག་བསྔལ་བྱེད་། །རིགས་ལྔའི་ཕྱག་རྒྱ་ཞེས་བྱ་བ། །
ཐར་པའི་རྒྱུར་ནི་བརྗོད་པར་བྱ། །རྡོ་རྗེ་འདིས་ནི་གད་བ་པ་ཉིད་། །དེས་ན་
ཕྱག་རྒྱར་བརྗོད་པར་བྱ། །རྡོ་རྗེ་པདྨ་དེ་བཞིན་ལས། །དེ་བཞིན་གཤེགས་དང་
རིན་ཆེན་ཉིད། །སྙིང་རྗེ་ཆེན་པོ་ད་མ་པ་ཡི། །རིགས་ནི་རྣམ་པ་ལྔ་རུ་བརྫོད་། །
རྡོ་རྗེའི་ཕྱག་རྒྱ་[༢]གཡུང་མོ་ཉིད་། །དེ་བཞིན་པདྨ་འི་གར་མ་ཉིད་། །ལས་ནི་ཚོས་
མར་ར་བ་ཏུ་བཤད་། །དེ་བཞིན་གཤེགས་པའི་བྲམ་ཟེ་མོ། །རིན་ཆེན་གདོལ་
མར་ཤེས་པར་བྱ། །ཕྱག་རྒྱ་ལྔར་ནི་རྣམ་པར་ངེས། །འདི་རྣམས་དེ་བཞིན་
གཤེགས་པའི་རིགས། །མདོར་བསྡུས་པས་ནི་བརྗོད་པར་བྱ། །དཔལ་ལྡན་དེ་
བཞིན་ཉིད་གཤེགས་ཤིང་། །དེ་བཞིན་སླར་ཡང་གཤེགས་པ་ཉིད། །འདིས་ནི་
ཤེས་རབ་རིགས་པ་ཡིས། །དེ་བཞིན་གཤེགས་ཞེས་བརྗོད་པར་བྱ། །རིགས་ནི་
རྣམ་པ་དྲུག་བརྗོད་ཅི་ང་། །མདོར་བསྡུས་པས་ནི་རྣམ་པ་ལྔ། །སྐུ་གསུང་ཐུགས་
ཀྱི་ད་བྱེ་བ་ཡིས། །ཕྱི་ན་ས་རྣམ་པ་གསུམ་དུ་འགྱུར་། །རིགས་དང་འབྱུང་བ་ལྔ་
རྣམས་དང་། །ཕུང་པོ་ལྔ་ཡི་རང་བཞིན་གྱི[༢]། །རིགས་དང་བགྲང་བྱ་འདི་ཡིས་
ནི༑ །རིགས་ཞེས་མངོན་པར་བརྗོད་པར་བྱ། །སྒོམ་[༤]པ་པོ་མེད་བསྒོམ་པའང་
མེད༑ །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །སྤྲོས་པ་མེད་པའི་རང་བཞིན་ལས། །
༐སྔགས་ད་ང་ལྷ་[༥]ནི་ཡང་ད་ག་ག་གན་ས། །རྣམ་སྣང་མི་བསྐྱོད་[༦]དོན་ཡོད་ད་དང་། །
རིན་ཆེན་དཔག་མེད་སེམས་ད་པའ་བོ[༧]། །ཚངས་པ་ཁྱབ་འཇུག་ཞི་བ་ད་ང་། །
ཐམས་ཅད་སངས་རྒྱས་དེ་ཉིད་བརྗོད[༨]། །ཚངས་པ་སྒྲིབ་བྲལ་སངས་རྒྱས་ཉིད། །
འཇུག་ཕྱིར་ཁྱབ་འཇུག་བརྗོད་པར་བྱ། །རྟག་ཏུ་དགེ་བས་ཞི་བ་ཉིད་། །ཐམས་
80---14