འཕགས་པ་མི་གཡོ་བའི་རྟོག་པའི་རྒྱུད་ཀྱི་རྐྱལ་པོ། ༡༡
མཚན་མ་སྟེ། །ས་བོན་རྟག་པར་དམིགས་པ་ནི། །ལས་ཀྱི་སྒྲིབ་པ་རྣམ་་
དག་རྒྱུ། །ལས་ཀྱི་ལས་རྣམས་བསྒྲུབ་[༡]པའི་ཕྱིར། །ས་བོན་ལས་ནི་འོད་ཟེར་
འཕྲོས༑ །ཡེ་ཤེས་སེམས་དཔའ་བཀུག་ནས་གཞུག[༢] །དེས་ནི་མི་ཤེས་བག་
ཆགས་རྣམས། །བློ་ལྡན་བློ་ལ་འཇོག་མི་བྱེད[༢]། །དེ་བཞིན་གཤེགས་པ་ཀུན་
དམིགས་ནས། །སངས་རྒྱས་རྣམས་ཀྱིས་དབང་བསྐུར་འགྱུར། །སྤྱི་བོར་[༤]རང་
གི་རིགས་བསམས་ནས། །རིགས་ཀྱི་བདག་པོས་དབུ་བརྒྱན་ འགྱུར། །དེ་ལྟར་
དེ་ལ་བརྩོན་ཆེན་བྱ། །འདིས་ནི་རྒྱལ་རྣམས་མཉེས་གྱུར་ནས། །མྱུར་དུ་རྒྱལ་བ་
ཉིད་ཐོབ་འགྱུར། །འཕགས་པ་མི་གཡོ་བའི་རྟོག་པའི་རྒྱུད་ཀྱི་རྒྱལ་པོ་ལས་ལྷ་
འབྱུང་བའི་ལེའུ་སྟེ་གཉིས་པའོ།། །།
དེ་ནས་ཡང་དག་བཤད་བྱ་བ། །དགེ་བྱེད་རས་རིས་བཀྲ་ཤིས་ཀྱིས། །སྡིག་
པའི་དྲི་མ་རྣམ་[༦]བསལ་ནས། །སྒྲུབ་པོ་རྣམས་ལ་མཆོག་[༧]སྟེར་བྱེད། །གཙང་
བྱེད་བྲམ་ཟེ་ལས་རྙེད་[༨]དམ། །རྒྱལ་པོའམ་བུ་མོ་བཟང་གི་རས། །འཇམ་ཞིང་
འཐས་པར་བརྡུངས་བྱས་ཏེ། །འདོད་པ་བཞིན་དུ་བྲི་བར་བྱ། །རམས་[༩]སམ་
མིག་སྨཱན་ཁུ་བ་དང་། །སྨན་གསུམ་མེ་ཏོག་གཉིས་ལྡན་པའི། །ཁུ་བ་ཤིང་སྤྱིན་
་ གསུམ་སྦྱར་ནས[༡༠]། །གཞན་ཡང་སྣ་ཚོགས་ཚོན་གྱིས་བྲི[༡༢]། །དེ་ལས་ཁྲོ་བོའི་རྒྱལ་
པོ་མི་གཡོ་བ་ནི་ཞལ་གཅིག་ཕྱག་གཉིས་པ་སྟེ། གཡས་རལ་གྲི།། གཡོན༐པ་
སྡིགས་མཛུབ་[༡༢]ཞགས་པ་དང་འབྲེལ་བ། ཀླུས་བརྒྱན་[༡༢]པ། པདྨ་དང་། ཉི་མ་
དང་༑ ཚོགས་ཀྱི་བདག་པོའི་སྟེང་ན་གཡོན་བརྐྱང་བས་འགྱིང་ཞིང་བསྐལ་པའི་
མེའི་ནང་ན་ཁྲ་བོ་དུ་མའི་ཚོགས་འཕྲོ་བ་བྲིའོ[༡༢]། །ལྷའི་དབང་ཕྱུག་མི་གཡོ་མགོན་
པོ་ནི་ཞལ་གསུམ་ཕྱག་དྲུག་པ་ཞལ་གཡས་དཀར་བ་གཡོན་དམར་བ། ཞལ་རེ་རེ་
---་