བཀའ་འགྱུར། རྒྱུད་འབུམ། ཉཀི
-- -- -- -- -- -- -- -- ---- --
སྙིང་གར་[༡]བཅུག་སྟེ། དེའི་སྐུའི་ཞབས་སུ་བཞག་[༢]ནས་རང་ཉིད་ལྷའི་ཏིང་ངེ་
འཛིན་དང་ལྡན་པས་
ཟུར་བཞིར་མི་རུས་སམ་སེང་ལྡེང་ངམ། ལྕགས་ལས་བྱས་
པའི་ཕུར་
བུ་སོར་བཞི་པ་བཞག་[༢]པ་ལ་ཐུན་མཚམས་ཐམས་ཅད་དུ་བཏབ་པས་[༤]
ཤེས་པ་བརྒྱལ་བར་བསམ་མོ། དེའི་འོད་ཀྱིས་མདུན་གྱི་ཕུར་པ་མི་གཡོ་བར་
བསྒོམས་པའི་ཐུགས་བསྐུལ་ནས། དེ་ལས་ཁྲོ་བོ་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་
གྲངས་མེད་པ་སྤྲོས་པས། བསྒྲུབ་བྱ་རླུང་གི་འཁོར་ལོ་ལ་བཞག་[༨]ནས་འོངས་པས་
སྐད་ཅིག་ཙམ་གྱིས་ཕུང་པོ་གཏོར་ནས། ཤེས་པ་ལིང་ག་[༦]ལ་བསྟིམ་པར་བྱའོ།
དེ་ལྟར་ཞག་ཉི་ཤུ་རྩ་གཅིག་ཏུ་བྱས་པས་ཧོམ་ཁུང་དུ་བསྲེག་[༧]པ་འམ། མནན་པ་
བྱས་
ན་དབང་ཕྱུག་ཆེན་པོ་ཡང་གསོད་པར་ངེས་ན་གཞན་ལྟ་སྨོས་ཀྱང་ཅི་དགོས།
ཡང་ན་དྷ་[༨]དུ་ར་དང་། ཁྱི་ཁྲག་དང་། ཉའི་ཁྲག་གིས་འཁོར་ལོ༐རལ་གྲིའི་[༩]རྩེ་
མོ་
ལྟར་རྣོ་བར་བྱས་ན་ས། ལྟེ་བའི་དབུས་སུ་གྲུ་གསུམ་མའི་[༡༠]ནང་དུ་བསྒྲུབ་བྱའི་
མིང་
ད་ང་རྒྱུད་དུ་བ་ཅས་པ་བྲིས་ལ། དེ་ཞགས་པས་བསྐོར་བར་བྱའོ། རྩིབས་
རྣམས་སུ་
སྔགས་ཀྱི་རྐང་པ་བརྒྱད་པ་བྲིའོ། མུ་ཁྱུད་ལ་མིང་དང་བ་ཅས་པའི་
སྙིང་པོ་
བྲིའོ། དེའི་རྒྱབ་ཀྱི་མུ་ཁྱུད་ལ་ལས་ཐམས་ཅད་པ་བྲིའོ། མུ་ཁྱུད་གསུམ་
པ་ལ་
རྡོ་རྗེ་དང་ར་ལ་གྲི་སྤེལ་ན་ས་བྲི་བར་བྱའོ། དེ་ནས་ཐོད་པ་ཁ་སྦྱར་གྱི་ནང་དུ་
བཅུག་ནས་
ཞིང་སྐྲས་བཅིངས་ཏེ། བསྒྲུབ་བྱ༐དག་ཟ་[༡༢]བའི་བསམ་གཏན་དང་
ལྡན་པས་
ཁྲོ་བོ་ཤིན་ཏུ་ཁྲོས་པས་ཁྲག་འདྲེན་པའི་ལྟ་བས་བལྟས་[༡༨]ན་[༡༢]ཞག་ཉི་ཤུ་རྩ་
གཅིག་གི
ས་གང་ལ་བྱས་པ་དེ་ཁྲག་ཏུ་སྐྱུགས་ནས་འཆིའོ[༡༢]། དུར་ཁྲོད་དུ་སྦས་ྦས་ན་
ཚོན་གྱི་བསྐལ་པ་བབས་ནས་འཆིའོ། ཤིང་གཅིག་གི་རྩར་སྦས་ན་རེངས་སོ།
ཆུ་མདོར་སྦས་ན་འབྱེར་རོ། ལམ༐རྒྱ་གྲམ་[༢༦]དུ་སྦས་ན་སྨྱོའོ། ལྷ་རྟེན་ཞབས་སུ་
སྦས་ྦས་ན་
ཞ་བོར་འགྱུར་རོ། ཀླུ་ཡོད་པའི་སར་སྦས་ན་མཛེས་ཟིན་པ་ལ་ཐེ་ཚོམ་[༡༧]
---2


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*