བཀའ་འགྱུར། རྒྱུད་འབུམ། ཀི

གཏི་མུག་འདོད་ཆགས་དེ་དེ་ཉིད། གཟུགས་མེད་མང་པོའི་གཟུགས་ཅན་དེ།
ཕོ་ད་ང་མོ་དང་མ་ནིང་རྣམས། དུ་མའི་གཟུགས་ཅན་ཀུན་གྱི་བདག སྣ་
ཚོགས་གཟུགས་ནི་ནོར་བུ་བུ་བཞིན།
ཁྱབ་པའི་དངོས་ཀྱིས་ཁྱབ་ནས་ས་སུ། དེ་
ཉིད་དམ་པ་
ཆེར་གནས་སོ། དེ་བཞིན་ཉིད་དེ་མཱ་མ་ཀཱི། བཟླས་མེད་འཛིན་
པ་ཡང་མེད་དེ།
བགྲང་[༢]ཕྲེང་བྱ་བ་འགའ་ཡང་མེད། ཟས་སྤངས་པ་ཡང་མི་
བྱའོ༑
བྷ་གའི་པདྨ་མཆོད༐བྱས་ཏེ[༢]། མཁས་པས་བདུད་རྩི་བཟའ་བར་བར་བྱ།
རྡོ་རྗེ་བདུད་རྩི་བདེ་བ་ཆེ། དེ་ཡིས་དེ་ཉིད་འགྲུབ་པའོ། གང་དེ་བདུད་རྩི་
འབབ་པའི་རྩ།
བྷ་གའི་དབུས་སུ་པདྨ་སྟེ། རྩ་གཞན་སུམ་ཅུ་[༤]རྩ་གཉིས་ལ།
དེ་ཡི་དབུས་སུ་དེ་གཙོ་སྟེ། དེ་དག་ལས་གཞན་ཤིན་ཏུ་མཆོག རྩ་དག་དགུ་ནི་
རྣམ་པར་ག་ནས།
སྒོ་དགུ་ལ་གནས་རིག་[༥]པ་དག སྒྲུབ་པ་པོས་ནི་མཆོད་པར་
བྱ༑
འདོད་པའི་ཡོན་ཏན་ལྔ་ལྷ་མོ། རྟག་ཏུ་རྡོ་རྗེ་ཅན་མཉམ་བལྟ། དེ་བས་
དེ་དག་
རབ་བྱེད་ན། ཆགས་བྲལ་ཞེས་གསུངས་ཀུན་རིག་པས། དེ་དག་
གསང་
ཆེན་མཆོག་རབ་ནི། ཞལ་བཟང་མ་ཀྱེ་སྦྱོར་བར་བཤད། སྣ་ཚོགས་
རྣམ་སྣང་མཛད་
སོགས་པ། དེ་བཞིན་གཤེགས་པས་མི་ཤེས་ཏེ། གཏན་དུ་
དགའ་
བའི་ཡིད་བདེ་བ། སྦྱོར་བས་དམ་པ་རབ་བསྟན་ཏོ། གསང་བའི་པདྨ་
ཐོང་ནས་དང་། ཤིན་ཏུ་རྒྱས་པའི་མཱ་མ་ཀཱི། [༦]རྡོ་རྗེའི་བདུད༐རྩི་བདེ་བ་
ཆེ[༧]༑
དེ་ཉིད་བདག་གིས་བཤད་པར་བྱ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་
སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་
ཅན་རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོའི་[༨]རྡོ་རྗེ་
བདུད་རྩི་[༩]རྒྱུད་ཆེན་པོ་ལས་དེ་བཞིན་ཉིད་སྦྱོར་[༡༧]བ་ཡེ་ཤེས་བསྟན་པ༐ཞེས་བྱ་བ་
ལེའུ་[༡༧]གཉིས་པའོ།

---62


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*