བཀའ་འགྱུར། རྒྱུད་འབུམ། ཀི

སྐྱེད་པར་བྱ། ཕྱི་ནས་ཐམས་ཅད་བཏང་སྙོམས་ལ། སེམས་ཙམ་ལ་ནི་
མཉམ་པར་གཞག ཐ་མལ་རྣམ་པར༐སྤང་བའི་[༢]ཕྱིར། སེམས་ཀྱང་སླར་
ཡང་སྟོང་
པར་བྱ། ཡང་སྲིད་ལེན་པའི་ཕུང་པོ་ལྔ། སྟོང་པ་ཉིད་ཀྱི་མེ་ཡིས་
བསྲེག[༢]༑ ཨོཾ་ཤུ་ནྱ་ཏཱ་[༤]གཱ་ན་བཛྲ་སྭ༐བྷཱ་བ་ཨཱཧྨ་ཀོ྅་ཧཾ[༥]། ཡུད་ཙམ་སྟོང་པའི་
རྣལ་འབྱོར་ཉིད།
བྱས་ན་ས་སེམས་ནི་ངལ་[༦]སོས་བྱ། སྔོན་གྱི་[༧]དམ་བཅས་
དྲན་
བྱས་ནས། ས་བོན་་ཙམ་ཞིག་ཡང་དྲ་ན་བྱ། གཅིག་པུ་མྱ་ངན་འདས་པ་
ཡིས༑
སེམས་ཅན་བསླུས་པར་[༨]འགྱུར་བའི་ཕྱིར། སྲིད་པའི་རྒྱ་མཚོ་མཐའ་
མེད་ལས། བདག་གིས་དེ་དག་ཅི་ལྟར་བསྒྲལ། འདི་ལྟར་བསམས་ནས་བརྩེ་
ལྡན་དེས།
སེམས་མེད༐པ་ཡི་སྟོང་པ་ཡང་[༩]། ཆོས་ཀྱི་དབྱིངས་ཀྱི་ར་ང་བཞིན་
སེམས༑
སེམས་ཉིད་ཀྱིས་[༢༢]ནི་བསྐྱེད་པར་བྱ། སངས་རྒྱས་བྱིན་རླབས་[༡༡]ལས་
ས་བོན།
དེ་ལ་ཨུཏྤལ་ཞེས་བྱར་[༡༢]འགྱུར། ཨུཏྤལ་དཀྱིལ་དུ་ཟླཱ་བའི་གཟུགས།
ཡི་གེ་ཨ་ལས་བྱུང་བའོ། སླར་ཡང་ཟླ་བ་དེར་[༡༢]ས་བོན་། དེ་ལས་[༡༢]འོད་ཟེར་
འཕྲོས་
གྱུར་པ། དེ་ཡིས་མ་ལུས་འཇིག་རྟེན་ཁམས། རྣམ་པར་སྦྱངས་པར་
བསྒོམ་པར་བྱ། དེ་ཡིས་སྦྱངས་ཤིང་གསལ་བྱས་ན་ས། འོད་ཟེར་ཀུན་གྱིས་
སངས་རྒྱས་ཚོགས།
ཨུཏྤལ་[༡༢]ལ་ཞུགས་བསྒོམ་པར་བྱ། དེ་ལས་སྒྲོལ་མ་འབྱུང་
བར་འགྱུར།
བསྟན་འདྲའི་ལྷ་མོ་བཙོད་མདོག་ཅན་། རྒྱན་རྣམས་ཀུན་གྱིས་
རྣམ་བརྒྱན་པས[༡༧]། དམ་ཚིག་གཟུགས་ནི་མཉམ་བསྐྱེད་[༡༨]ནས། ཡེ་ཤེས་འཁོར་
ལོ་
ཡང་དག་བཀུག ཡུད་ཙམ་གྱིས་ནི་ངེས་ རྫོགས་པའོ[༢༢]། ཡེ་ཤེས་འཁོར་ལོ་
མདུན་[༢༡]
གནས་པ། ད་མ་ཚིག་ཕྱག་རྒྱའི་སྦྱོར་བ་ཡིས[༢༥]། ཁ་ཡི་ལམ་ནས་གཞུག་[༢༥]
པར་བྱ།
ལག་པ་ཐལ་མོ་སྦྱར་བྱས་ནས། མཐེའུ་ཆུང་གཉིས་ནི་བསྒོམ་པར་བྱ།
གུང་མོ་གཉིས་ནི་རྩེ་མོར་སྦྱར། རྩེ་མོའི་ནང་དུ་མིང་མེད་གཞུག མཛུབ་[༢༤]མོ་
---04


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*