བཀའ་འགྱུར། རྒྱུད་འབུམ། ཀི
-- -- -- -- -- -- -- -- -- -- --
མུ་ཟི་ལྷན་ཅིག་ཕྱེ་མར་བྱས་པ་བླུགས་ལ། ཇི་ལྟར་རྣལ་འབྱོར་པས་སྦྲང་རྩི་དང་
ལྷན་ཅིག་བཟའ་བ
ར་བྱའོ། དེའི་ལུས་ལ་དགྲ་ཡིས་མི་ཚུགས་ས་སོ། དེ་ནི་བསྒྲུབ་
པར་
རིགས་པ་[༡]སྟེ་ལུས་རྒྱས་པར་བྱེད་པའོ། ཉི་མ་ཉི་ཤུ་རྩ་གཅིག་ཏུ་གོམས་པས་
སོ༑
ལྟེ་བའི་མེ་ཞན་[༢]པ་རྒྱས་པར་བྱ་བ་ནི་དེ་ནས་དེ་ཉིད་ཙི་[༢]ཏྲ་ཀ་དམར་པོ་པི་
པི་ལིང་གི་རྩ་བ་དང་།
ལེགས་མཐོང་གི་རྩ་བ་དང་ཚ་བའི་མར་ཁུ་[༤]ཡང་དག་
པར་ལྡན་པས་
བྱང་ཆུབ་ཀྱི་ཤིང་གི་ཁུ་བ་ཨ་རུ་ར་[༥]བཙོས་པ་དང་། ཚ་དང་ལྷན་
ཅིག་ཏུ་
བཟའ་བར་བྱའོ། རིལ་བུ་ཉི་མ་ཉི་ཤུ་རྩ་གཅིག་དང་ལྡན་པར་བྱས་
པས་
སྔར་གྱི་[༧]གཟུགས་བཞིན་དུ་འགྱུར་རོ། མེའི་དྲོད་ཆེན་པོ་དང་ལྡན་པར་
འགྱུར་རོ།
ལུས་བརྟན་[༨]པའི་དངོས་གྲུབ་བསྟན་[༩]པའོ། དང་པོ་བ་རུ་ར་དང་།
ཏ་[༡༠]ཀའི་རྩ་བ་དང་། སྐྱུ་རུ་ར་དང་། ཏིལ་ཏི་ལ་དང་། དེ་ད་ང་དེ་མཉམ་པར་
ལྡན་པ། ནཱ་ག་མཆོག་ཏུ་བྱས་པ། ཁའི་ནང་དུ་བཅུག་ནས་སྲིན་བྱའི་ཁྲག་མིག་་
གཉིས་ལ་བྱུགས་ནས་འོག་གི་བུག་པ་མཐོང་བར་འགྱུར་རོ། གཞན་ཡང་ནཱ་ག་
ཁར་
བཅུག་ལ་ས་ཧ་དེ་བའི་འད་བ་མའི་ཁུ་བས་དངུལ་ཆུ་བཅིངས་པ་ད་ང་། ཁྲག་
དང་༑
ག་བུར་དང་ལྡན་པ་མིག་སྨན་དུ་བསྐུས་[༡༡]ན་ས་འོག་གི་བུག་པ་མཐོང་བར་
འགྱུར་རོ། ནག་པོ་ཆེན་པོའི་འབྲས་བུ་དང༐ཀུ་བ་ཁན་[༡༢]དེ་[༡༨]དང་། སེ་བའི་
འབྲས་བུ་དང་། སེ་[༡༢]འབྲུ་ད་ང་འདི་རྣམས་བསྲེས་ནས་ཚ་བ་གསུམ་དང་སྦྲང་རྩི་
དང་བཅས་
ནས་བཙོས་ནས་ཏིལ་ནག་པོ་དང་། ལུས་རྣམ་པར་དག་པར་བྱས་
ན་ས་
ཇི་ལྟར་གོམས་པ་ཡིས་མན་ཆ་ངེས་པར་བྱས་ནས་ཟོས་ན་ཉི་མ་ལྔ་ན་སའི་བུག་་
པ་མཐོང་བར་འགྱུར་རོ། འབད་དེ་ལུས་ལ་བྱུགས་ན་གངས་ཏི་སེ་ལ་སོགས་པ་
མཐར་ཐུག་པ་
མཐོང་བར་འགྱུར་རོ། ཅོང་ཟིའི༐ཆུས་ཁྲུས་[༡༢]བྱས་ན་སྔ་མ་བཞིན་
དུ་ལེགས་པར་གནས་པར་
འགྱུར་རོ། ཙ་ལ་ཏ་འི་ཁུ་བ་དང་། བྱ་རྒོད་ཀྱི་ཤ་
---178


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*