བཀའ་འགྱུར། རྒྱུད་འབུམ། སྤྲ

བཞིན་གཤེགས་པ་ཐམས་ཅད་ཀྱི་མའོ། བདག་ཅག་དེ་བཞིན་གཤེགས་པ་ཐམས་
ཅད་ཀྱི་སྟོན་པའོ།
ཞེས་བྱ་བའི་བར་དུའོ། འདི་ལྟ་སྟེ་གཞན་ཡང་རིགས་ཀྱི་བུ་
སངས་རྒྱས་བཅོམ་ལྡན་འདས་ཕྱོགས༐
བཅུ་ན[༡]། ཇི་སྙེད་བཞུགས་པའི་སངས་་་
རྒྱས་བཅོམ་ལྡན་འདས་དེ་རྣམས་ཀྱི་
སྐྲུ་དང་གསུང་དང་ཐུགས་རྡོ་རྗེ་ལས་བྱུང་བའི་་
བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པ་དེ་བས་ཀྱང་།
སློབ་དཔོན་གྱི་བ་སྤུའི་བུ་ག་་་་
གཅིག་གི་བསོད་ནམས་ཁྱད་པར་དུ་འཕགས་སོ།
དེ་ཅིའི་ཕྱིར་ཞེ་ན། རིགས་
ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་[༢]སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྙིང་པོར་གྱུར་
པ་
བསྐྱེད་[༢]པ་
གནས་པར་གྱུར་པ་ན་ས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་འབྱུང་
གནས་ཡིན་པའི་བར་དུའོ།
དེ་ནས་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་བྱམས་
པ་ཡིད་འཇིགས་ཤིང་སྐྲག་[༤]ནས་ཅང་མི་སྨྲ་བར་གྱུར་ཏོ།
དེ་ནས་དེ་བཞིན་
གཤེགས་པ་མི་བསྐྱོད་[༥]པ་དང་།
དེ་བཞིན་གཤེགས་པ་རིན་ཆེན་ཏོག་དང་། དེ་
བཞིན་གཤེགས་པ་འོད་དཔག་མེད་དང་།
དེ་བཞིན་གཤེགས་པ་དོན་ཡོད་གྲུབ་པ་
ད་ང་༑
དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱིས་རྡོ་རྗེ་འཛིན་པ་ད་ངོས་
གྲུབ་ཀྱི་དམ་ཚིག་ཐམས་ཅད་དམིགས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་
པར་ཞུགས་ནས།
བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ལ་བཀའ་སྩལ་པ།
བྱང་ཆུབ་སེམས་དཔའ་ཁྱེད་རྣམས་ཐམས་ཅད་ཉོན་ཅིག གང་ཡང་ཕྱོགས་
བཅུའི་སངས་རྒྱས་བཅོམ་ལྡན་འདས་དུས་གསུམ་གྱི་རྡོ་རྗེ་ཡེ་ཤེས་ཡང་དག་པར་་་་་་་
བྱུང་བ་དེ་རྣམས་ཀྱང་བྱོན་ནས་གསང་བ་འདུས་པའི་སློབ་དཔོན་ལ་མཆོད་པ་བྱེད་་
ཅིང་ཕྱག་འཚལ་ལོ།
དེ་ཅིའི་ཕྱིར་ཞེ་ན། དེ་ཉིད་དེ་བཞིན་གཤེགས་པ་ཐམས་
ཅད་ད་དང་།
བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྟོན་པ་བཅོམ་ལྡན་འདས་རྡོ་
རྗེ་འཛིན་པ་ཆེན་པོ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བདག་པོ་ཡིན་པའི་ཕྱིར་

---4[1


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*