དཔལ་གསང་བ་འདུས་པ་ཞིས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ།
---- -- -- -- -- -- -- -- --
ཐུགས་རྡོ་རྗེ་ལས་ཕྱུང་ངོ་། པྲཛྷཱནྟ་ཀྲིཏ། དེ་ན་ས་འདི་ཕྱུང་མ་ཐག་ཏུ་བཅོམ་
ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐྲུ་
དང་། གསུང་དང་། ཐུགས་
ཀྱི་རིག་པའི་
སྐྱེས་བུ་དེ་ཉིད། རྡོ་རྗེའི་ད་མ་ཚིག་བསྙེངས་པའི་ཚུལ་དུ་ལྷོ་ཕྱོགས་ཀྱི་
སྒོར་
བཞུགས་སོ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་
ཆོས་རིན་པོ་ཆེ་འབྱུང་གནས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་
ན་ས༑
དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདོད་ཆགས་འཆད་པའི་དཀྱིལ་་་
འཁོར་
བྱིན་གྱིས་རློབ་པ་ཞེས་བྱ་བའི་ཁྲོ་བོ་ཆེན་པོ་འདི། ཉིད་ཀྱི་སྐུ་དང་།
གསུང་དང་། ཐུགས་རྡོ་རྗེ་ལས་ཕྱུང་ངོ་། པད་མཱ་ནྟ་ཀྲྀཏ[༡]། དེ་ན་ས་འདི་
ཕྱུང་མ་ཐག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་།
གསུང་དང་། ཐུགས་ཀྱི་རིག་པའི་སྐྱེས་བུ་དེ་ཉིད་དེ་བཞིན་གཤེགས་པ་ཐམས་
ཅད་ཀྱི་གསུང་གི་
ཚུལ་དུ་ནུབ་ཕྱོགས་ཀྱི་སྒོར་བཞུགས་སོ། དེ་ན་ས་བཅོམ་ལྡན་
འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་
སྐུ་དང་། གསུང་དང་། ཐུགས་རྡོ་
རྗེ་ཞེས་བྱ་
བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ན་ས། དེ་བཞིན་གཤེགས་པ་
ཐམས་ཅད་ཀྱི་སྐྲུ་
དང་། གསུང་དང་། ཐུགས་ཀྱི་དཀྱིལ་འཁོར་བྱིན་གྱིས་རློབ་
པ་ཞེས་བྱ་བའི་
ཁྲོ་བོ་ཆེན་པོ་འདི། ཉིད་ཀྱི་སྐུ་ད་ང་། གསུང་དང་། ཐུགས་རྡོ་
རྗེ་ལས་ཕྱུང་ངོ་།
བིམྺཱནྟ་ཀྲྀཏ[༢]། དེ་ནས་འདི་ཕྱུང་མ་ཐག་ཏུ་བཅོམ་ལྡན་
འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ད་ང་།
གསུང་ད་ང་། ཐུགས་
ཀྱི་རིག་པའི་
སྐྱེས་བུ་དེ་ཉིད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་།
གསུང་དང་། ཐུགས་ཀྱི་ཚུལ་དུ་བྱང་ཕྱོགས་ཀྱི་སྒོར་བཞུགས་སོ། དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་སྐུ་ད་ང་།
གསུང་དང་། ཐུགས་མཉེས་པར་བྱེད་པ་
ད་ང་༑
དཀྱིལ་འཁོར་གྱི་དམ་ཚིག་སེམས་དཔའ་རྣམས་སོ། དེ་བཞིན་གཤེགས་
---451


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*