བཀའ་འགྱུར། རྒྱུད་འབུམ། ཀི

བཏབ་བོ། རྡོ་རྗེ་སེམས་དཔའ་ཐེག་པ་ཆེ། ནམ་མཁའི་སྤྱོད་པ་རྣམ་སྦྱོང་བ།
ཀུན་ཏུ་བཟང་པོའི་སྤྱོད་པ་མཆོག རྒྱལ་མཆོག་མཆོད་པ་བཤད་དུ་གསོལ།
འདོད་ཆགས་ཞེ་སྡང་གཏི་མུག་ཆེ། རྡོ་རྗེ་ཐེག་པ་རབ་སྟོན་པ། ནམ་མཁའི་
དབྱིངས་དང་མཚུངས་པ
འི་མཆོག རྒྱལ་བཞི་མཆོད་པ་བཤད་དུ་གསོལ། ཐར་
པའི་ལམ་ནི་ར་བ་སྟོན་པ།
ཐེག་པ་གསུམ་གྱི་ལམ་ལ་གནས། སངས་རྒྱས་སྐལ་
མཆོག་དག་
པའི་བདག མི་མཆོག་མཆོད་པ་བཤད་དུ་གསོལ། བྱང་ཆུབ་
སེམས་ནི་རྒྱས་པའི་སྤྱན་།
ཆོས་ཀྱི་འཁོར་ལོ་རབ་བསྐོར་བ། སྐུ་དང་གསུང་
ཐུགས་ཤིན་ཏུ་དག
ཕྱག་འཚལ་རྡོ་རྗེ་ཐེག་པ་ལའོ། དེ་ནས་རྒྱལ་པོ་རྡོ་རྗེ་
འཛིན༑
ཐམས་ཅད་ནམ་མཁའ་མི་འགྱུར་ཆེ། ཐམས་ཅད་དབང་བསྐུར་ཀུན་
གྱི་དོན་།
ཀུན་ད་བང་རྡོ་རྗེ་རིན་ཆེན་འཛིན་། དེ་བཞིན་གཤེགས་པའི་མཆོད་
འི་མཆོག རྡོ་རྗེ་མི་ཕྱེད་གསུམ་གན་ས་པ། སྐུ་དང་གསུང་དང་ཐུགས་སྐལ་
མཆོག
རྒྱལ་བ་འབྱུང་བར་འགྱུར་བ་བཤད། ན་ཆུང་གཞོན་ནུ་མིག་ཡངས་
པ༑
གཟུགས་བཟང༐གཞོན་པས་བརྒྱན་[༡]པ་ནི། ལོ་གྲངས་ཉི་ཤུ་ལྔ་ལོན་རྙེད།
བྱོལ་སོང་ལས་ཀྱང་རབ་ཏུ་བརྟག ས་ཕྱོགས་གཙང་ཞིང་རྣམ་པར་དབེན་པ་
འམ༑
རྒྱལ་ཉིད་སྐྱེས་ཞི་ཞི་བའི་གན་ས་རྣམས་ས་སུ། བཤང་གཅི་ཆུ་ལ་སོགས་
པས་
བྱུག་པ་འམ། རྒྱལ་བ་མཆོད་ཕྱིར་རྟག་པར་རབ་ཏུ་བྱ། ནུ་མའི་དབུས་
བར་སྤྱི་གཙུག་མཐའ་ཡི་བར། ཆོ་ག་ཤེས་པས་ཡང་ན་རྐང་པའི་བར་། ལྟེ་བ་
རྐེད་པ་
གསང་བར་རྒྱལ་བའི་སྲས། རིགས་ལྔ་རྣམས་ནི་དགོད་པར་རབ་ཏུ་བྱ།
ནམ་མཁའི་ད་བྱིངས་ཀྱི་ད་བུས་གནས་པ་ར། ཡེ་ཤེས་རྒྱ་མཚོ་བསྒོམ་པར་བྱ།
བད་ག་ཉིད་ཟླ་བའི་དབུས་གནས་པར་། མཁས་པས་སྙིང་གར་[༢]བསྒོམ་པར་བྱ།
ཞི་བ་རྡོ་རྗེ་འཛིན་འདོད་ན། བསྡུ་བ་དག་ཀྱང་རབ་ཏུ་བྱ། རིན་ཆེན་སྣ་
---470


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*