༤ ༦ བཀའ་འགྱུར། རྒྱུད་འབུམ། ཀི ༨༡
ཻ -- ---- --
ཚིག་ཡེ་ཤེས་ཀྱིས། །ར་ང་གི་རྡོ་རྗེའི་དཀྱིལ་འཁོར་གྲགས། །སྔགས་ཀྱི་ཡི་གེའི་
ཚིག་ཐོས་པ། །དེ་ནི་ཁྲོ་བོའི་བཟླཱས་པར་བཤད་། །འདོད་པའི་དོན་གྱིས་མྱོས་
གྱུར་པ། །ཀུན་ཏུ་སྐྱོ་བ་ཅིང་ཕན་པར་དགའ། །སེམས་ཅན་གཏི་མུག་གན་ས་ལ་
འཇོག །དེ་ནི་གཏི་མུག་བཟླས་པར་བཤད། །འདོད་ཆགས་རྡོ་རྗེ་ལས་བྱུང་
ཚིག །ལུས་ད་ང་ངག་སེམས་ལ་གན་ས་པའི། །སེམས་ཅན་འདོད་ཆ་གས་མཚོར་
གནས་བཞག །དེ་ནི་འདོད་ཆགས་བཟླས་པར་བཤད་། །ཞེ་སྡང་རྡོ་རྗེ་ལས་བྱུང་
སེམས༑ །ལུས་དང་ངག་སེམས་ལ་གནས་པའི། །སེམས་ཅན་ཞེ་སྡང་གནས་ལ་
བཞག །དེ་ནི་ཞེ་སྡང་བཟླཱས་པར་བཤད། །དམ་ཚིག་དེ་ཉིད་རྡོ་རྗེ་གསུམ། །
དབུ་མ་དམ་ཚིག་རྡོ་རྗེ་ཅན། །དེ་ཉིད་དམ་ཚིག་རྡོ་རྗེ་ཡི། །བཟླས་པ་མ་ནིང་
ཞེས་བྱ་འོ། །འདོད་ཆགས་དེ་ཉིད་དོན་སྒོམ་པ། །རྡོ་རྗེ་བདག་པོ་ཐམས་ཅད་
ནི༑ །སེམས་ཅན་ཀུན་ལ་ཕན་འདོད་པའི། །འདོད་ཆགས་བྱང་ཆུབ་རྫོགས་པར་
མཛད༑ །རིག་པ་ཆེན་མོ་སྤྱན་ལ་སོགས། །རྟག་ཏུ་འདོད་པའི་དོན་བརྩོན་པ། །
འདོད་པའི་ལོངས་སྤྱོད་དག་གིས་ནི། །ཇི་ལྟར་འདོད་པ་བསྟེན་ན་འགྲུབ། །
གཏི་མུག་དམ་ཚིག་ལས་བྱུང་བ། །རིག་པའི་རྒྱལ་པོ་རྡོ་རྗེ་ཅན། །མ་ནིང་དག་
གི་གན་ས་གྲུབ་པ། །དངོས་གྲུབ་དམ་པ་རབ་ཏུ་སྟེར། །ཁྲོ་བོ་ཞེ་སྡང་གནས་ལས་
སྐྱེས༑ །གསོད་ལ་རྟག་ཏུ་བརྩོན་པ་ད་ག །སྒྲུབ་པ་མཆོག་གི་ཆོས་ཅན་ལ། །
གསོད་པའི་དོན་གྱིས་འགྲུབ་པར་འགྱུར་། །བཅོམ་ལྡན་འདས་སྐྱེས་བུ་ཆེན་པོའི་
ད་མ་ཚིག་གིས་དེ་སྐད་ཅེས་བཀའ་སྩལ་ཏོ། །ཡེ་ཤེས་འཁོར་ལོ་ཅན་རྣམས་ཀྱི །
འཁོར་ལོ་སྙིང་གའི་[༡]ད་བུས་སུ་བསྒོམ། །གསལ་བའི་དཀྱིལ་འཁོར་དབུས་གན་ས་
པ་ར་༑ །ད་བུས་སུ་འཁོར་ལོའི་དོན་བསྒོམ་མ་མོ། །ཡེ་ཤེས་རྡོ་རྗེ་ཅན་རྣམས་ཀྱི། །
རྡོ་རྗེ་སྙིང་གའི་[༢]ད་བུས་སུ་བསྒོམ། །རྡོ་རྗེའི་དཀྱིལ་འཁོར་དབུས་གནས་པ་ར། །
---[96་