བཀའ་འགྱུར། རྒྱུད་འབུམ། ཀི
-- -- ------ -- --
སྤྱན་དམར་མཆེ་བ་རྣམ་པར་གཙིགས། ཕྱག་ན་རལ་གྲི་བསྣམས་པར་བསྒོམ།
སྣང་མཛད་དབུ་རྒྱན་རྣམས་བསྒོམས་ན། རྡོ་རྗེ་ཅན་ནི་དགྱེས་པར་འགྱུར།
འདི་ནི་ཡེ་ཤེས་རྡོ་རྗེ་ཅན། གཤིན་རྗེ་གཤེད་ཀྱི་སྤྲོ་བའི་སྣང་བ་བཀོད་པ་བསྒོམ་
པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། ཉི་མའི་དཀྱིལ་འཁོར་དམ་པ་ནི། ནམ་
མཁའི་རྡོ་རྗེའི་
དབུས་སུ་བསམ། སངས་རྒྱས་གཟུགས་ནི་རབ་བསྒོམས་ལ།
གཞན་གྱིས་མི་ཐུབ་རབ་བསྒོམ་པ། འབར་བའི་འོད་ཟེར་མང་པོ་ཅན། སྦྲུལ་
གྱིས་བརྒྱན་[༡]ཞིང་
སྐ་རགས་ཅན། རྡོ་རྗེ་དགྱེས་པ་འཇིགས་འཇིགས་ལྟ། ཁ་
དོག་དཀར་པོ་ར་བ་
ཏུ་བསྒོམ། མི་བསྐྱོད་ད་མ་ཚིག་དབུ་རྒྱན་ལ། བསམས་ན་
རྡོ་
རྗེ་ཅན་ད་ག་མཉེས། འདི་ནི་ཡེ་ཤེས་བློ་ཅན་གྱིས[༢]། ཁྲོ་བོ་ཀུན་གྱི་དམ་ཚིག་
གོ༑
གཞན་གྱིས་མི་ཐུབ་པའི་རྡོ་རྗེ་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།
ཉི་མའི་ད་ཀྱིལ་འཁོར་ད་མ་པ་ནི། ནམ་མཁའི་རྡོ་རྗེའི་དབུས་སུ་བསམ།
སངས་རྒྱས་གཟུགས་ནི་རབ་བསྒོམས་ལ། རྡོ་རྗེ་རྟ་ནི་རབ་ཏུ་བསྒོམ། ཁྲོ་བོའི་
འོད་ཟེར་
མང་པོ་དག ཐམས་ཅད་དུ་ནི་རྣམ་པར་འཕྲོ། གདུག་པ་ཐམས་
ཅད་
ཞབས་ཀྱིས་མནན་། ཁ་དོག་ད་མར་པོ་རྣམ་པར་བསམ། རྫོགས་སངས་
ད་པག་མེད་ད་བུ་རྒྱན་ལ། བསྒོམས་ན་རྡོ་རྗེ་ཅན་དག་མཉེས། འདི་ནི་རྡོ་རྗེ་ཡེ་
ཤེས་ཅན།
ཁྲོ་བོ་ཀུན་གྱི་དམ་ཚིག་ཡིན་། རྟ་མགྲིན་[༢]སྐྱེད་པ་འབྱུང་བ་རྣམ་
པར་བ
ཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། ཉི་མའི་དཀྱིལ་འཁོར་དམ་པ་ནི།
ནམ་མཁའི་རྡོ་རྗེའི་ད་བུས་སུ་བསམ། སངས་རྒྱས་གཟུགས་ནི་རབ་བསྒོམས་ལ།
རྡོ་རྗེ་མི་འཆི་རབ་ཏུ་བསྒོམ། འབར་བའི་འོད་ཟེར་མང་པོ་འཕྲོ། རྡོ་རྗེའི་སྤྲིན་
རྣམས་ཀུན་ཏུ་འཁྲུག ཁྲོས་ཤིང་ཁྲོ་བ་ཅས་གན་ག་པ་དང་། མཆེ་བ་རྣོན་པོ་
རབ་ཏུ་བསྒོམ། མི་བསྐྱོད་དམ་ཚིག་དབུ་རྒྱན་ལ། བསྒོམས་ན་ཁྲོ་བོ་འཛིན་
---58


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*