|
༡ ༦ བཀའའགྱུར། མདོ་སྡེ། ཀི ༢ དག་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ། མེ་ཏོག་ཨུད་པ་ལ་དང་། པད་མ་དང་། ཀུ་མུ་ད[༡]་དང་། པད་མ་དཀར་པོ་རྣམས་ཀྱིས་ཕྲེང་བ་དང་། ཐོད་དང་། རྣ་ རྒྱན[༢]་དང་། ཆུན་པོ་རྣམས་རྒྱན[༢]་དུ་ཐོགས་ཤིང་ཨུད་པ་ལ་ཆང་[༤]པ་རེ་རེ་ཐོགས་ ནས༑ སིལ་སྙན་སྣ་ཚོགས་དང་། ཕེག་རྡོབ་ཅིང་མཉན་དུ་ཡོད་པ་ནས་བྱུང་སྟེ། སྐྱེད མོས་ཚལ་གྱི་ནང་དུ་ཆས་སོ། །བཅོམ་ལྡན་འདས་ཀྱང་དེ་དག་ལ་ཐུགས་ བརྩེ་བའི་ཕྱིར་སྔ་དྲོ་ཤམ་ཐབས་དང་ཆོས་གོས་གསོལ་ཏེ། ལྷུང་བཟེད་བསྣམས་ ནས་མཉན་དུ་ཡོད་པར་བསོད་སྙོམས་ལ་གཤེགས་པ་དང་། མཛའ་སྡེ་བོ་དེ་དག་ གིས་ཐག་རིང་པོ་ཞིག་ན་ས། སངས་རྒྱས་བཅོམ་ལྡན་འདས་སྐྲུ་སྐྱེས་བུ་ཆེན་པོའི་ མཚན་སུམ་ཅུ[༦]་རྩ་གཉིས་ཀྱིས་ལེགས་པར་བརྒྱན་ཅིང་སྤ་བར་བྱས་པ། མེ་ལུས་ ཀྱི་དབྱིབས་སུ་འདུག་པ་ལྟ་བུ། མེ་ལྕེ་མར་གྱིས་བཏབ་པ་ལྟ་བུ། མར་མེ་གསེར་ གྱི་སྣོད་དུ་བཞག་[༧]པ་ལྟ་བུ། མཆོད་སྡོང་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ་ལྟ་བུ། བློ་གསལ་ཞིང་དྲི་མ་མེད་ལ་རྣམ་པར་[༨]དག་པ་དང་ལྡན་པའི་སངས་རྒྱས་བཅོམ་་་་ ལྡན་འདས་མཐོང་ངོ་། །མཐོང་ནས་ཀྱང་དེ་ད་ག་བཅོམ་ལྡན་འདས་ལ་ཤིན་ཏུ་ དགའ་བ་སྐྱེས་སོ། །དགའ་བ་སྐྱེས་ནས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ[༩] ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ ལྡན་འདས་ལ་ཨུད་པ་ལ་དང་པད་མ་དང་ཀུ་མུ་ད[༡༠]་དང་པད་མ་དཀར་པོ་རྣམས་ ཀྱིས་གཏོར་ནས། སིལ་སྙན་དང་། ཕེག་རྡོབ་བཞིན་དུ་བཅོམ་ལྡན་འདས་ལ་ ལན་གསུམ་བསྐོར་བ་བྱས་ནས་དོང་ང་ངོ་། །དེའི་སྐབས་སུ་བཅོམ་ལྡན་འདས་ འཛུམ་པ་མཛད་ད་དེ། འདི་ནི་སངས་རྒྱས་བཅོམ་ལྡན[༡༡]འདས་རྣམས་གང་གི་ཚེ་ འཛུམ་པ་མཛད་པའི་ཆོས་ཉིད་ད་དེ། དེའི་ཚེ་ཞལ་ནས་འོད་ཟེར་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམས་བྱུང་ནས། ཁ་ཅིག་ནི་འོག་ а----་196 * * * * * * * * * * * * * * * * * * * * * * * * * |