|
ཕྱོགས་འདམ་རྫབ་ཅན་དེར་བཅོམ་ལྡན་འདས་ཀྱི་སྤྱན[༡]སྔར་སྐྲ་བཏིང་ནས་ཚིགས་་ སུ་བཅད་དེ་སྨྲས་པ། བློ་ལྡན་སད་མཛད་གལ་ཏེ་བདག །བྱང་ཆུབ་ཏུ་ནི་ འཚང་རྒྱ་ན། །སྐྱེ་རྒ་མེད་མཛད་ཞབས་གཉིས་ཀྱིས། །མྱུར་དུ་བདག་སྐྲ་བརྫི་ བར་གསོལ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་དེས། བྲམ་ཟེའི་ཁྱེའུ་བློ་གྲོས་བཟང་པོའི་སྐྲའི[༢]་སྟེང་དུ་ཞབས་གཉིས་བཞག་ག་གོ། །དེ་ ནས་བྲམ་ཟེའི་ཁྱེའུ་བློ་གྲོས་བཟང་པོའི་ཕྱི་བཞིན་འབྲང་ཞིང་འདུག་པ་དེ་ཁྲོས་ནས། ཀྱེ་ལྟོས་དང་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་འད་འདིས། བྲམ་ ཟེའི་ཁྱེའུ་བློ་གྲོས་བཟང་པོའི་སྐྲ་ཕྱུགས་ལ་བྱ་བ་བཞིན་དུ་བརྫིས་[༢]ས་ཞེས་ཟེར་རོ། ། དེ་ནས་དེའི་འོག་ཏུ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཀྱིས་བྲམ་་ ཟེའི་ཁྱེའུ་བློ་གྲོས་བཟང་པོ་ལུང་བསྟན་ཏེ། ཁྱོད་ནི་ས་འདིར་འཇིག་རྟེན་རྣམས་ ལ་ཕན་པའི་ཕྱིར། །སྟོན་པ་མངའ་བདག་འཇིག་རྟེན་གསུམ་ལས་རྣམ་གྲོལ་བ། ། ཤཱཀྱའི་སྲས་པོ་ཤཱཀྱ་ཐུབ་པ་ཞེས་བྱ་བ། །འཇིག་རྟེན་གསུམ་གྱི་སྙིང་པོ་འགྲོ་བའི་ སྒྲོན་དུ་འགྱུར[༤]། །ཞེས་གསུངས་སོ། །དེ་ནས་ཡང་དག་པར་རྫོགས་པའི་སངས་ རྒྱས་མར་མེ་མཛད་ཀྱིས་བྲམ་ཟེའི་ཁྱེའུ་བློ་གྲོས་བཟང་པོ་ལུང་བསྟན་མ་ཐག་པ་དེའི་ ཞ མོད་ཁོ་ན་ལ་ནམ་མཁའ་ལ་ཏ་ལ་བདུན་སྲིད་ཙམ[༥]དུ་འཕགས་ས་སོ། །དེ་ནས་དེའི་ སྐྲ་བྱི་ནས་སྐྲ་སར་[༦]ཁྱད་པར་དུ་འཕགས་པ་བྱུང་ང་ངོ་། །དེ་ནས་དེ་ནམ་མཁའ་ལ་ འདུག་པ་སྐྱེ་བོ་ཕལ་པོ་ཆེས་མཐོང་ངོ་། །མཐོང་ནས་ཀྱང་སྨོན་ལམ་བཏབ་པ། གང་གི་ཆེ་འདིས་བླ་ན་མེད་པའི་ཡེ་ཤེས་བརྙེས་པར༐འགྱུར་བ[༧]་དེའི་ཆེ་བདག་ཅག་ འདིའི་ཉན་ཐོས་སུ་གྱུར་ཅིག་ཅེས་བྱས་སོ། །བུ་མོ་དེས་ཀྱང[༨]སྨོན་ལམ་བཏབ་སྟེ། ཁྱོད་ཀྱིས་གང་དུ་སྨོན་པ་ཡི། །འདྲེན་པ་སངས་རྒྱས་བརྙེས་པ་དེར། །རྟག་ཏུ་ འཐུན་པར་ཆོས་སྦྱོད་པའི། །ཁྱོད་ཀྱི་བཙུན་མོར་བདག་གྱུར་ཅིག །གང་ཚེ་ཁྱོད་ 7а----211 * * * * * * * * * * * * * * * * * * * * * * * * * |