|
ལས་བརྒྱ་ཐམ་པ་པ། ཇ༨ འབྱེད་པ་རྣམས་ཀྱི་མཆོག་ནི་འདི་ལྟ་སྟེ། དགེ་སློང་མ་ཀ་ཙང་ཀ་ལ་འདི་ཡིན་ནོ་ ཞེས་ལུང་བསྟན་ཏོ། །དེ་ནས་དགེ་སློང་དག་གིས་སངས་རྒྱས་བཅོམ་ལྡན་འདས་ ལ་གསོལ་པ། བཙུན་པ་གཟིགཟིགས་ལགས་སམ་[༡]བུད་མེད་སྟོང་ཕྲག་དུ་མས་ བཅོམ་ལྡན་འདས་མཐོང་ན་སུས་ཀྱང་བཅོམ་ལྡན་འདས་མཐོང་བ[༢]ན་འདི་ལྟར་མ་ བརྒྱུགས[༢]ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ ཀ་ཙང་ཀ་ལ་འདི་ནི་ངའི་འདས་མ[༤]་ཐག་པའི་ཚེ་རབས་ལྔ་བརྒྱར[༨]མར་གྱུར་པས་་ ན༑ འདི་ནི་སྔོན་གྱི་བག་ཆགས་ཀྱི་གཞི་ཡོད་པའི་ཕྱིར་ང་མཐོང་ན་རྒྱུག་གོ། ། དགེ་སློང་དག་གིས་གསོལ་པ། བཙུན་པ་གལ་ཏེ་འདི་བཅོམ་ལྡན་འདས་ཀྱི་[༦] འདས་མ་ཐག་པའི་ཚེ་རབས་ལྔ་བརྒྱར་ཡུམ་དུ་གྱུར་པ་ལ་གས་ན། ཅིའི་སླད་དུ་ད་ ལྟར་གྱི[༧]ཡུམ་དུ་མ་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་ སློང་དག་རྒྱུ་གཉིས་དང་རྐྱེན་གཉིས་ཀྱིས་ན་འདི་ངའི་ད་ལྟར་གྱི་མར་མ་གྱུར་ཏེ། ལྷ་མོ་སྒྱུ་འཕྲུལ་ཆེན་མོས་སྨོན་ལམ་བཏབ་སྟེ། ༐ཀྱེ་མ[༨]་བདག་སངས་རྒྱས་ཀྱི་ཡུམ་ དུ་གྱུར་ཅིག་ཅེས་བྱས་པ་དེ་དང་། ང་ཡང་འདིས་ཡིད་བྱུང བར་བྱས་ན་ས་ངས་ ཀྱང་སྨོན་ལམ་བཏབ་སྟེ། ཕྱིན་ཅད[༡༠]འདི་བད་ག་གི་མར་མ[༡༧]་གྱུར་ཅིག་ཅེས་བྱས་ པའི་ཕྱིར་རོ། །གསོལ་པ། འདིས་ཅི[༡༢]་ལྟར་བཅོམ་ལྡན་འདས་ཐུགས་བྱུང[༡༧]བར་ བགྱིས་ལགས། བཀའ་སྩལ་པ། ད་གེ་སློང་དག་བྱང་ཆུབ་སེམས་དཔའ་རྣམས་ནི་ ངེས་པར་འབྱུང་བ་ལ་དགའ་བ་དང་སྦྱིན་པ་ལ་དགའ་བ་ཡིན་ན། འདིས་ཐམས་ ཅད་དུ་ངའི་ངེས་པར་འབྱུང་བ་དང་སྦྱིན་པའི་བར་ཆད་བྱས་ཏེ་གཞི་དེས་ན་འདིས་ ང་ཡིད་བྱུང[༡༧]བར་བྱས་ས་སོ། །དེ་ནས་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་ ཞུས་པ། བཙུན་པ་དགེ་སློང་མ་ཀ་ཙང་ཀ་ལས། ལས་ཅི་བགྱིས་ན་ལས་དེའི་ རྣམ་པར་སྨིན་པས། དབུལ་རྨོར་གྱུར་ལ་རྒས་ནས་གདོད་རབ་ཏུ་བྱུང་ལགས། а----་283 * * * * * * * * * * * * * * * * * * * * * * * * * |