|
༣༡ བཀའའགྱུར། མདོ་སྡེ། ཀི ༢ ཡོ་བྱད་ཐམས་ཅད་ཀྱང་བསྟབས་ཏེ་ཆོས་མཉན་པའི་ཕྱིར་དེའི་མདུན་དུ་འདུག་ག་གོ།། དེས་ཀྱང་དེ་རྣམས་ཀྱི་བསམ་པ་དང་བག་ལ་ཉལ་དང་ཁམས་དང་ཤེས་པ་དང་རང་ བཞིན་རྟོགས་ན་ས་དེ་དང་འཐུན་པའི་ཆོས་བསྟན་ཏེ། དེ་ན་ས་ཁྱེའུ་དེ་དང་སྐྱེ་ བོ་མང་པོ་དེ་ད་ག་གིས་སྟན༐དེ་དག་[༡]ཉིད་ལ་འཁོད་[༢]བཞིན་དུ་འཇིག་ཚོགས་ལ་ ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་ འབྲས་བུ་མངོན་སུམ་དུ་བྱས་ཏེ། བདེན་པ་མཐོང་ནས་ཁྱེའུ་དེས་བསམས་པ། བུད་མེད་ཀྱིས་ཀྱང་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས། ཡོན་ ཏན་གྱི་ཚོགས་འདི་ལྟ་བུ་དག་ཐོབ་པར་གྱུར་གྱིས[༢]་བདག་གིས་ཀྱང་ཁྱིམ་ན་གནས་ པ་བཏང་ལ་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ན་ས། ཆུ་བོ་རྣམས་ ལས་བརྒལ[༤]བར་བྱ་བ་ད་ང་སྦྱོར་བ་རྣམས་ལས་འདའ་བར་བྱ་བའི་ཕྱིར་བརྩོན་པ་ དང་བསྒྲུབ་པ་ད་ང་འབད་པར་བྱའོ་སྙམ་ནས་ཕ་མ་ལ་གསོལ་ཏེ། བཅོམ་ལྡན་ འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས། དེས་ཀྱང་བརྩོན་པ་དང་བསྒྲུབ་[༦]པ་ དང་འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་ སུམ་དུ་བྱས་ན་ས་རྫུ་འཕྲུལ་ཡང་བསྒྲུབས་ཏེ། དབང་པོ་དང་ཉེ་དབང་དང་བཅས་ པའི་འཇིག་རྟེན་གྱིས་མཆོད་ཅིང་རྗེད[༧]པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ།། དེ་ནས་དགེ་སློང་དག་གིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན[༨]་པ་ དགེ་སློང་མ་འདིས་ལས་གང་དག་བགྱིས་ན། བག་མར་མཆིས་པའི་འོག་ཏུ་ཉོན་ མོངས་པ་ཐམས་ཅད་སྤངས་ཏེ་ད་གྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལ་དགེ་་་་ སློང་འདིས་ཀྱང་འདི་ཁོ་ན་ལ་བརྟེན་[༩]ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་ དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། སྨོན་ལམ་གྱི་དབང་ལས་གྱུར་ཏོ། །བཙུན་པ་འདི་གཉིས་ཀྱིས་སྨོན་ а----3།4 * * * * * * * * * * * * * * * * * * * * * * * * * |