|
ལས་བརྐྱ་ཐམ་པ་པ། ༤བ༥ བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་འདི་ན་བདག་གི་་་་ ལུགས[༡]ཀྱིས་དུས་དུས་སུ་སེམས་ཅན་དམྱལ་བར་རྒྱུ་བར་བགྱིད། ཡི་དགས་ཀྱི་ ནང་དུ་རྒྱུ་བར་བགྱིད། དུད་འགྲོའི་ན་ང་དུ་རྒྱུ་བར་བགྱིད། མིའི་ནང་དུ་རྒྱུ་ བར་བགྱིད། ལྷའི་ནང་དུ་རྒྱུ་བར་བགྱིད་ད་དེ། སླར་མཆིས་ནས་སེམས་་ ཅན་དམྱལ་བ་རྣམས་ཀྱི་གཅད་[༢]པ་དང་གཏུབ་[༢]པ་དང་བརྡེག་པ་དང་བཙོ་བ་་་་ ལ་སོགས་པའི་སྡུག་བསྔལ་གང་ལགས་པ་དེ་དག་མི་རྣམས་ལ་རྗོད་[༤]པར་བགྱིད་་་་ ལགས་སོ། །སླར་མཆིས་ནས་ཡི་དགས་རྣམས་ཀྱི་བཀྲེས་པ་དང་སྐོམ་པ་དང་ འབར་བ་དང་བསྲེག་པ་དང་བཙོ་བ་ལ་སོགས་པའི་སྡུག་བསྔལ་རྣམས་དང་། དུད་འགྲོ་རྣམས་ཀྱི་གཅིག་ལ་གཅིག་ཟ་བ་ལས་གྱུར་པའི་སྡུག་བསྔལ་རྣམས་དང་། མི་རྣམས་ཀྱི་ཚོལ་ཁྲོས་ཤ་ཐང་བའི་སྡུག་བསྔལ་རྣམས་དང་། ལྷ་རྣམས་ཀྱི་འཆི་ འཕོ་དང་ལྟུང་བ་དང་རྣམ་པར་འཐོར་བ་དང་རྣམ་པར་འཇིག་པའི་སྡུག་བསྔལ་ གང་ལགས་པ་དེ་དག་ མི་རྣམས་ལ་རྗོད་[༦]པར་བགྱིད་ད་དེ། དེ་དག་གིས་དེ་ཐོས་ ནས་སྐྱོ་བར་འགྱུར་ལ་སྐྱོ་བར་གྱུར་ནས་ཀྱང་གང[༧]་དུ་ཁྱད་པར་ཐོབ[༨]་པར་འགྱུར་ ལགས་སོ། །བཙུན་པ་བདག་སེམས་ཅན་དམྱལ་བར་རྒྱུ་བར་འཚལ་ཏེ། མཉན་ དུ་ཡོད་པ་ནས་མི་སྣང་བར་གྱུར་ནས། སེམས་ཅན་དམྱལ་བ་ཆེན་པོ་མནར་མ་ མཆིས་པར་མཆིས་ན། བཙུན་པ་བདག་གིས་དེར་[༩]སེམས་ཅན་ལུས་ཆེ་བ་ ལུས་ཀྱིས་[༡༠]དཔག་ཚད་མང་པོ་ཁྱབ་པར་མཆིས་ལ། དེའི་ལས་ལས་སྐྱེས་པའི་མི་་ རྣམས་ཀྱིས ། དེའི་ཁ་ན་ས་ལྕེ་ཕྱུང་སྟེ་ལྕགས་ཀྱི་ས་གཞི་འབར་ཞིང་རབ་ཏུ་ འབར་ལ་ཀུན་དུ་རབ་ཏུ་འབར་ཏེ། མེ་ལྕེ་གཅིག་ཏུ་འབར་བར་གྱུར་པའི་སྟེང་དུ་ བརྒྱངས་ནས་ལྕགས་ཀྱི་ཕུར་པ་འབར་ཞིང་རབ་ཏུ་འབར་ལ་ཀུན་དུ་རབ་ཏུ་འབར་་ ཏེ༑ མེ་ལྕེ་གཅིག་ཏུ་འབར་བ་དག་གིས་ཐང་བཅད་ནས། དེའི་ལྕེ་དེ[༡༢]ལ་རྨོན་པ་ а----405 * * * * * * * * * * * * * * * * * * * * * * * * * |