www.dharmabook.ru tibetan OCR



པའི་ཉེ་བར་སྤྱོད་པ་ལ་སོགས་པ་ཕུལ་ནས། ཨོཾ་སུ་པྲ་ཏིཥྛ་བཛྲ་སྭཱ་ཧཱ། ཨོཾ་ཧཱུཾ་
ཧྲཱིཿ༐བྷྲཱུཾ་ཁཾ་བཛྲཱི་བྷ་བ་དྲྀ་ཌྷོ་ཏིཥྛ་བྷྲཱུཾ་ ཁཾ་ཞེས་བྱ་བའི་སྔགས་ཀྱིས་རབ་ཏུ་གནས་ནས།
སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་རྡོ་རྗེ་འཆང་ལ་སོགས་པ་རྣམས་ཀྱིས་
བྱིན་གྱིས་བརླབས་པ་རྡ
ོ་རྗེ་ལྟར་མི་ཕྱེད་པ་ཤིན་ཏུ་བརྟན་པར་བསྒོམས་ནས་བུམ་པ་
ཐམས་ཅད་ཀྱི་ཆུས་གཙུག་ལག་ཁང་ཐམས་ཅད་དུ་བསང་གཏོར་བྱས་ཏེ། ཨོཾ་
བཛྲ་ཨ་བྷི་ཥིཉྩ་ཞེས་
བྱ་བའི་སྔགས་ཀྱིས་སོ། དེ་ནས་གཙུག་ལག་ཁང་གི་སྲུང་མ་
ནག་པོ་ཆེ
ན་པོ་སྒྲུབ་པའི་ཐབས་ནས་བཤད་པ་ལྟ་བུའི་མཚན་ཉིད་ཅན་ཡིད་ཀྱིས་་
བཀུག་སྟེ།་་རོ་གཅིག་ཏུ་གཞུག་ཅིང་བཅིངས་ཏེ་དབང་དུ་བྱས་ནས་སློབ་དཔོན་་
རྡོ་རྗེ་ཧཱུུཾ་མཛད་ཀྱི་རྣལ་འབྱོར་དང་ལྡན་པས་བ་ཀའ་བསྒོ་བར་བྱ་སྟེ་གཙུག་ལག་ཁང་
འདི་
ཇི་སྲིད་གནས་པར་ཁྱོད་ཀྱིས་བསྲུང་བར་བྱ་སྟེ། སྡིག་པ་མེད༐པའི་ལས་[༢]
རྣམས་བྱ་
ཞིང་སློབ་དཔོན་དང་དགེ་འདུན་གྱི་བྱ་བ་ཐམས་ཅད་ལ་མཆོག་ཏུ་བརྩོན་
པར་བྱའོ།
 དེ་ལྟར་བྱས་ནས་བླ་མས་སློབ་མ་བོས་ཏེ། གུས་པ་དང་བཅས་
པས་
ཡང་ད་ག་པར་སྨྲ་བར་བྱ་སྟེ། གང་ཁྱོད་ཀྱིས་གསོལ་བ་བཏབ་པའི་རབ་
གནས་སྡིག་པ་འཇོམས་པ་དེ་ཁོ་བོས་བྱས་ཀྱི[༤]། ཇི་ལྟར་བདེ་བར་ནན་ཏན་གྱིས་
མཆོད་པ་བྱའོ།
དེ་ནས་སྔགས་ཀྱིས་སྦྱངས་པའི་ཅཱ་[༥]རུ་དེ་ལ་བྱིན་ནས་འདི་ནི་
དེ་བཞིན་གཤེགས་པའི་ལྷག་
མ་སྡིག་པ་འཇོམས་པ་སྟེ་ཟོ་ཅིག་ཅེས་ས་སོ། གཞན་དག་
ལ་ཡང་ཇི་
ལྟར་ཐོབ་པར་ཉུང་ངུ་ཉུང་ངུ་སྦྱིན་པར་བྱའོ། དེ་ནས་ཡང་ཡོན་བླང་
སྟེ༑
སློབ་མས་ཀྱང་ཡོན་དབུལ་བས་བླ་མ་མཉེས་པར་བྱས་ནས། མཆོད་པ་
སྣ་ཚོགས་པ་
རྣམས་ཀྱིས་ལྷ་རྣམས་མཆོད་དེ་བསྐོར་བ་ལན་གསུམ་བྱས་ཏེ་ཕྱག་བྱའོ།
དེ་ནས་རང་གི་གནས་སུ་སོང་སྟེ་དགེ་སློང་དང་དགེ་སློང་མ༐དང་། དགེ་བསྙེན་
དང་[༦]དགེ་བསྙེན་མའི་འཁོར་
དང་བ་ཅས་པ་རྣམས་ལ་སྟོན་མོ་དྲང་ས་ནས་ཡོན་ཕུལ་
23---3о-

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*