www.dharmabook.ru tibetan OCR



ཚིགས་བཅད་ཀྱིས་བསྟོད་ཅི་ང་། བཀྲ་ཤིས་གང་ཞིག་ལ་སོགས་པའི་ཚིགས་བཅད་
རྣམས་
ཀྱིས་ཡང་ཡང་བསྟོད་པར་བྱའོ། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་
རི་བོ་འདྲ།
འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། སངས་
རྒྱས་པདྨ་རྒྱས་པའི་འདབ་འདྲའི་སྤྱན་
མངའ་བ། དེ་ཡིས་དེ་རིང་ཁྱོད་ལ་ཞི་བྱེད་
བཀྲ་ཤིས་ཤོག།
འགྲོ་ལ་ཕན་ཕྱིར་དེ་བཞིན་གཤེགས་པ་དགའ་ལྡན་ལྷའི། གཞལ་
མེད་ཁང་གི་སྙིང་པོ་ནས་ནི་འདིར་གཤེགས་པ།
དབང་བ་ཅས་ལྷ་རྣམས་ཀྱིས་ནི་
བསྐོར་
བའི་བཀྲ་ཤིས་གང་། དེ་ཡིས་དེ་རིང་ཁྱོད་ལ་ཞི་བྱེད་བཀྲ་ཤིས་ཤོག
བཀྲ་ཤིས་གང་ཞིག་ཕན་མཛད་དམ་པ་གཙང་མའི་མཆོག བསོད་ནམས་བྱ་བྱེད་
འཕགས་པའི་སྐྱེ་བོས་མངོན་བསྟོད་པ།
བཅོམ་ལྡན་ཐུབ་པ་ཤཱཀྱ་སེང་གེས་
གང་གསུངས་པ།
དེ་ཡིས་དེ་རིང་ཁྱོད་ལ་ཞི་བྱེད་བཀྲ་ཤིས་ཤོག དེ་ཡིས་ཉེ་
བར་བསྟན་པའི་མཆོག་རབ་མི་གཡོ་བ།
འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་
དང་མིས་
མཆོད་པ། ཆོས་ཀྱི་ད་མ་པ་སྐྱེ་དགུ་རྣམས་ལ་ཞི་བྱེད་པ། འདི་ནི་
འཇིག་རྟེན་དགེ་བའི་བཀྲ་ཤིས་གཉིས་པ་ཡིན།
དགེ་འདུན་དམ་པ་ཆོས་ལྡན་
ཐོས་པའི་བཀྲ་ཤིས་ཕྱུག
མི་ད་ང་ལྷ་དང་ལྷ་མ་ཡིན་གྱིས་མཆོད་པའི་གནས། 
ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་ད་པལ་གྱི་གྱི་གཞི། འདི་ནི་འཇིག་རྟེན་དགེ་
བའི་བཀྲ་ཤིས་གསུམ་
པ་ཡིན། དེ་ནས་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱི་
ཚོགས་ཀྱིས་ནམ་མཁར་དེ་བཞིན་གཤེགས་པ་རི་རབ་ཀྱི་རྡུལ་ཕྲ་རབ་དང་མཉམ་པ་
ཐམས་ཅད་སྤྱན་དྲངས་ཏེ་ཇི་ལྟར་རིགས་པར་མེ་ཏོག་ལ་སོགས་པ་རྣམས་དང་།
གཟུགས་རྡོ་རྗེ་མ་ལ་སོགས་པ་རྣམས་ཀྱིས་བསྟོད་པ་བྱས་ནས་མཁས་པས་བདུད་རྩི་
མྱངས་ཏེ།
ཞལ་བསིལ་དང་ཏཱམྦུ་ལ་ཕུལ་ནས་ཐལ་མོ་སྦྱར་བས་ཕྱག་འཚལ་ཏེ་མེ་
ཏོག་འཐོར་ཞིང་འདི་སྐད་
བརྗོད་དོ། ཨོཾ་སརྦ་ཏ་ཐཱ་ག་ཏ་སུ་ལ་ལི་ཏ་བི་ལཱ་ས་ན་
23----69

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*