www.dharmabook.ru tibetan OCR



འདབ་མ་བརྒྱད་པ་བསམས་ཏེ། དེ་དང་ལྷན་ཅིག་ཏུ་བདེ་བར་གཤེགས་པ་
རྣམས་
ཤིན་ཏུ་ཆགས་པར་བགྱི་ཞེས་སོ། དེ་ཁོ་ན་རྗེས་སུ་ཆགས་པའི་རང་བཞིན་
ན་ནོ༑
རྡོ་རྗེ་སྒྲོན་མ་ནི་མཉམ་པ་ཉིད་ཀྱིའོ། གདོན་མི་ཟ་བ་ཞེས་པ་ནི་བྱ་བ་་
ནན་ཏན་གྱིའོ།
གོང་དུ་རྗེས་སུ་ཆགས་པའི་མཐུ་ལས་དཀྱིལ་འཁོར་གྱི་ལྷ་ཐམས་
ཅད་དམིགས་ཏེ།
ཕྱི་ནང་གི་མཆོད་པ་འཕྲོས་པས་མཆོད་པར་བྱའོ། ཞེས་
མདོར་བསྡུས་ས་སོ།
ད་ནི་སྐུ་ལ་སོགས་པའི་བྱིན་གྱིས་ལུས་ངག་ཡིད་ལོ་བ་པར་བྱེད་
པ་བདེ་བར་
གཤེགས་པ་བསྐུལ་བ་ལ་སོགས་པ་གསུང་ས་པ་དེ་ནས་ཞེས་པ་ལ་སོགས་
པའོ༑
སྔགས་ལ་དམིགས་པའི་ཞེས་པ་ལྷའི་དཀྱིལ་འཁོར་ལ་ཏིང་ངེ་འཛིན་་་་་་་་
དམིགས་པ་
ནི་ངེས་པའི་བསམ་གཏན་ནོ། དེའི་ལུས་ཞེས་པ་བསམ་གཏན་དེའི་
ཚུལ་གྱིས་
ས་བོན་ལས་བྱུང་བ་ལྷ་མོའི་འོད་ཟེར་ཞེས་པའི་དོན་ཏོ། ངག་གིས་ཞེས
་པ་
བཛྲ་དྷྲྀག་[༡]ལ་སོགས་པ་རྣམས་ཀྱིས་ས་སོ། སྔགས་རྣམས་ཀྱི་ཕྱག་རྒྱ་ཆེན་པོར་་་་
གསལ་བ་
ནི་ཡིད་ཀྱིས་ཞེས་ས་སོ། དེ་ལྟ་ན་ཡང་བློས་ད་བྱེ་བར་མི་བྱ་སྟེ། དེའི་
ཕྱིར་གསུངས་པ།
་སེམས་ལ་ཞེས་པ་ལ་སོགས་པའོ། སྦྱོར་བ་རྣམ་པ[༢]་གསུམ་
ཞེས་
པ་སྐུ་ལ་སོགས་པའི་རྣམ་པས་ས་སོ། ལུས་ལ་སོགས་པ་སྐུ་ལ་སོགས་པར་
ད་མིགས་
ན་དེའི་ངོ་བོ་ཉིད་ནི་དམིགས་སུ་མེད་དོ། དེའི་ཕྱིར་ན་སྔགས་ཀྱི་ལུས་
སུ་ཤེས་ཏེ།
དབྱེར་མེད་པའི་ངོ་བོ་ཉིད་ཀྱིས། བྱང་ཆུབ་མེད་ཅིང་བསྒོམ་
པའང་མེད། ཅེས་ཏེ། སྔགས་དེའི་ལུས་ཁོ་ན་ར་འགྱུར་བའི་ཐ་ཚིག་གོ།་།
དེའི་ཕྱིར། ལུས་དང་ངག་དང་སེམས་རྣམས་ནི། ཞེས་པ་ལ་སོགས་པ་ནི་བསྡུ་
འི་དོན་ཏེ། དཔྱད་པ་ནི་ལུང་དང་རིགས་པ་དག་གིས་ས་སོ། དཔྱད་ན་ས་ཅི་
བྱེད་ཅེ་ན།
སྔགས་ཀྱིས་ཞེས་པ་ནི་གོང་ནས་གསུངས་པའི་ཚུལ་གྱིས་སྔགས་ཀྱིས་
ཞེས་པ་
ཡིན་ནོ། སྦྱོར་བའི་ཞེས་པ་སྐུ་ལ་སོགས་པའི་རྣམ་པས༐ཆོ་ག་[༦]ཇི་ལྟ་བ་
23 --11

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*