www.dharmabook.ru tibetan OCR



སུའི་ཐད་ན་བཞུགས་ཤེ་ན། བཅོམ་ལྡན་འད་ས་ཀྱི་འཁོར་ན་བཞུགས་སོ། དེ་
ལ་གོང་དུ་
སངས་རྒྱས་ཀྱི་ཞིང་རྡུལ་ཕྲན་དང་མཉམ་པའི་བྱང་ཆུབ་སེམས་དཔའ་་་་་
སེམས་དཔའ་ཆེན་པོ་ཞེས་བསྡུ
ས་པའི་དོན་དུ་བསྟན་གྱི། གང་དང་གང་བཞུགས་
པ་
བསྟན་པའི་ཕྱིར་འདིར་སོ་སོའི་མཚན་ཡང་སྨོས་སོ། དེ་ལ་དམ་ཚིག་རྡོ་རྗེ་་
ཞེས་བྱ་བའི་
བྱང་ཆུབ་སེམས་དཔའ་ཆེན་པོ་དང་ཞེས་བྱ་བ་ཐོག་མར་ཅིའི་ཕྱིར་སྨོས་
ཤེ་ན།
ད་མ་ཚིག་གིས་[༡]ལྷ་རྣམས་མཉེས་པའི༐རྒྱུར་བྱེད་པའི་[༢]ཕྱིར་གཙོར་སྨོས་
ཏེ་དང་པོར་བསྟན་པ་ཡིན་ནོ། དམ་ཚིག་ཉིད་ཇི་ལྟ་བུ་ཞེ་ན་རྣམ་པ་གཉིས་ཏེ།
ཕྱི་དང་ནང་ང་ངོ་། དེ་ལ་ཕྱི་གང་ཞེ་ན། འཇིག་རྟེན་པའི་བསྲུང་བར་བྱ་བ་་
རྣམས་སོ།
ནང་གི་གང་ཞེ་ན། བྱང་ཆུབ་ཀྱི་སེམས་ལ་སོགས་པ་བཟའ་བའོ།
དེ་ལྟར་དམ་ཚིག་བསྲུངས་ནས་སྐུ་བསྒྲུབ་པའི་ཕྱིར་སྐུ་རྡོ་རྗེ་ཞེས་བྱ་བའི་བྱང་ཆུབ་་
སེམས་དཔའ་ཆེན་པོ་ཞེས་བྱ་བ་
སྨོས་སོ། གང་གིས་སྐུ་གྲུབ་པ་ད་ང་། ཚིག་་
ཀྱང་དགོས་ཏེ།
སྐུ་དང་གསུང་མི་ཕྱེད་པར་བསྟན་པའི་ཕྱིར་ཏེ། བཅོམ་ལྡན་
འདས་ཀྱིས་ཀྱང་བྱང་ཆུབ་སེམས་དཔའ
ི་ཚུལ་དུ་མངོན་པར་སྤྲུལ་ནས་གནས་པར་་
བསྟན་ཏོ།
དེའི་ཕྱིར་གསུང་རྡོ་རྗེ་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་
སྨོས་སོ། དེ་ལྟར་ཚིག་འགྲུབ་ནས་སེམས་དཔྱོད་པར་བྱེད་དེ། དེ་ལ་སེམས་ནི་
དངོས་པོ་ཐམས་ཅད་ད་ང་རང་བཞིན་གྱིས་བྲལ་བར་ཡང་མཁྱེན་ལ། ཐམས་ཅད་
དང་མི་གཉིས་པར་ཡང་
མཁྱེན་པས་བྱང་ཆུབ་སེམས་དཔའི་ཚུལ་དུ་མངོན་པར་
སྤྲུལ་ནས་
གནས་པར་བསྟན་ཏེ། དེའི་ཕྱིར་ཐུགས་རྡོ་རྗེ་ཞེས་བྱ་བའི་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་སྨོས་ས་སོ།
དེ་ལ་སྐུ་གསུང་ཐུགས་ཏིང་ངེ་
འཛིན་མེད་པར་
སངས་རྒྱས་ཀྱི་སྐུ་གཉིས་སུ་མེད་པར་མངོན་པར་མི་འགྲུབ་པས།
དེའི་ཕྱིར་ཏིང་ངེ་འཛིན་རྡོ་རྗེ་བྱང་ཆུབ་སེམས་ད་པའ་སེམས་ད་པའ་ཆེན་པོ་ཞེས་་་་་
23 --23о-

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*