www.dharmabook.ru tibetan OCR



འབྱོར་པ་གཟུགས་དང་། གཉིས་པ་[༡]དེའི་རང་བཞིན་དུ་བསྒོམས་ལ་མཆོད་པ་
སྤྲོ་
ཞེས་པའི་དོན་ཏོ། མཆོད་པའི་མཆོག་ནི་བརྟག་བྱས་ན། འདི་ནི་བྱང་་་་
ཆུབ་མ
ཚུངས་པར་འགྱུར། ཞེས་པ་ནི་དེ་ལྟར་གནས་ནས་གཉིས་སུ་མེད་པའི་
བྱང་
ཆུབ་ཀྱི་སེམས་དེ་མཆོད་པ་སྣ་ཚོགས་ཀྱི་རང་བཞིན་དུ་གྱུར་ནས་ཏིལ་གྱི་གང་
བུ་
ལ་ཏིལ་གནས་པ་བཞིན་དུ་ནམ་མཁའི་ཁམས་ཐམས་ཅད་ཁྱབ་པའི་སངས་རྒྱས་
རྣམས་
ལ་མཆོད་ཅིང་དགྱེས་པར་བསམས་ན་དེ་རྣམས་དང་འདྲ་བར་འགྱུར་བའི་
དོན་ཏོ།
སྐུ་གསུང་ཐུགས་ནི་མངོན་སུམ་དུ། ཆོ་ག་གསུམ་གྱིས་སྤྲོ་བར་བྱ།
བཟླས་པ་རྡོ་རྗེ་འདི་ཡིས་ནི། རྡོ་རྗེ་གསུམ་གྱི་ཐུགས་འདྲར་འགྱུར། ཞེས་པ་
ནི་[༢]གོང་གི་
དཀྱིལ་འཁོར་འདོན་པའི་ཚུལ་དུ་བྱང་ཆུབ་ཀྱི་སེམས་ལས་ཆོ་ག་གསུམ་
གྱིས་
ཕྱག་རྒྱ་བསྐྱེད་ལ་གོང་དུ་སྤྲོ་བའི་རིམ་པ་བསྟན་པ་བཞིན་དུ་སྤྲོས་པ་ནི་བཟླས་
པ་རྡོ་རྗེའོ།
དེ་ལྟར་སྤྲོས་པའི་ཡོན་ཏན་ནི་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་
གཤེགས་པ་
གསུམ་ནི་རྡོ་རྗེ་གསུམ་མ་མོ། དེ་རྣམས་ཀྱི་ཐུགས་ཀྱི་རང་བཞིན་དུ་
བདག་
འགྱུར་བའི་དོན་ཏོ། ཡང་ན་སྤྲོ་བར་བྱ་བ་ནི། སོ་སོའམ་[༢]གསུམ་གྱི་་
བྱེ་བྲག་གིས།
སྐུ་གསུང་ཐུགས་ནི་བདག་མེད་པར། ཡེ་ཤིས་སེམས་ནི་སྤྲོ་
བར་བར་བྱ།
ཞེས་པ་ནི་དེ་ལྟར་ཕྱག་རྒྱ་ལ་སོགས་པ་སྤྲོ་བ་ལ་མ་མོས་པའམ་མ་ལྕོགས་
པ་
ཡོད་པ་[༤]ན་བདག་གི་ལུས་ངག་ཡིད་གསུམ་ད་ང་། འཕགས་པའི་སྐུ་གསུང་
ཐུགས་
ཡང་དག་པའི་ཡེ་ཤེས་ཀྱིས་སོ་སོའི་བྱེ་བྲག་ཏུ་དོན་ད་མ་པའི་རང་བཞིན་སྟོང་
པ་ཉིད་དུ་
དམིགས་ལ་དེའི་དོན་ལ་གནས་པར་བྱ་སྟེ། ཇི་ལྟར་གནས་པ་དེ་བཞིན་
དུ་
དུས་གསུམ་གྱི་སེམས་ཅན་ཡང་ད་མིགས་པ་ནི་སྤྲོ་བའོ། སྔགས་ཀྱི་ཡི་གེ་གནས་
ཐོབ་ནས།
རང་གི་རྡོ་རྗེ་དཀྱིལ་འཁོར་ལས། ཞེས་པ་ནི་ལྷ་གང་ཡང་རུང་
བའི་ས་བོན་
གྱི་ཡི་གེ་ལས་བསྐྱེད་ཅིང་གཟུངས་དང་བཅས་པར་གནས་ལ། དེ་
23---371

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*