www.dharmabook.ru tibetan OCR



ཐབས་དང་ཤེས་རབ་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་སོ།་།དེ་ལས་སྤྲུལ་
པའི་སྐུ་
སྣ་ཚོགས་སུ་གྱུར་ནས་སེམས་ཅན་གྱི་དོན་མཛད་པས་ཐུགས་བརྩེར་ལྡན་
པའོ༑
གལ་ཏེ་མགོན་པོས་བདག་སྲོག་བཞེད་པ་ན།་།ཡོན་ཏན་རིན་ཆེན་
གཏེར་
མ[༡]བདག་ལ་སྤྱོད་། ཅེས་པ་ནི་དེ་ལྟ་བུའི་ཡོན་ཏན་དང་ལྡན་པ་ཁྱོད་
བདག་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲ་བའི་སངས་རྒྱས་ཡོན་ཏན་ཐམས་
ཅད་ཀྱི་རང་བཞིན་
དུ་གྱུར་པ་ལ་དགྱེས་པར་སྤྱོད་ཅེས་པའི་དོན་ཏོ། དེ་ལྟར་ལྷ་
མོ
ས་བསྐུལ་ནས་ནི། ཞེས་པ་ནི་དེ་ལྟ་བུའི་ཚུལ་དུ་སངས་རྒྱས་སྤྱན་ལ་སོགས་
པའི་ལྷ་མོ་
བཞིས་སོ་སོའི་རིགས་ཀྱི་བདག་པོ་ལ་བསྐུལ་མ་ཐག་ཏུ་སོ་སོའི་རིགས་ཀྱི་
གཙོ་བོ་དང་
གཉིས་སུ་མེད་པར་གྱུར་ནས་ཐབས་དང་ཤེས་རབ་ཀྱི་རོལ་པའི་བྱང་་
ཆུབ་སེམས་
ལས་སེམས་ཅན་འདུལ་བའི་ཐབས་སྣ་ཚོགས་པ་[༢]དང་།-- དེ་བཞིན་
གཤེགས་པའི་མཆོད་པ་
སྣ་ཚོགས་སུ་སྤྲུལ་ཞིང་ཕྱོགས་བཅུར་སྤྲོས་ནས་དེ་བཞིན་་
གཤེགས་པ་རྣམས་དགྱེས་པ
ར་བྱས་པ་དང་སེམས་ཅན་གྱི་དོན་ཐམས་ཅད་རྫོགས་
པར་བྱས་ནས་སླར་
སོ་སོའི་ཐུགས་ཀར༐ཐ་མི་དད་[༢]པར་བསམ་མོ། དེ་ནས་ཡང་
སོ་
སོའི་ཐབས་དང་ཤེས་རབ་ཀྱི་རོལ་པ་བྱས་པས་བྱང་ཆུབ་ཀྱི་སེམས་ཀྱི་འོད་འཕྲོས་
པས་སོ་སོའི་
རིགས་ཀྱི་ལྷ་རྣམས་ལ་ཕོག་མ་ཐག་ཏུ་འོད་དེ་ཉིད་ཀྱི་རང་བཞིན་དུ་
གྱུར་ན
ས་སླར་གོང་མ་བཞིན་དུ་གཙོ་བོའི་ཐུགས་ཀར་ཐིམ་མ་མོ། དེ་ནས་ཡང་
ཐབས་
དང་ཤེས་རབ་ཀྱི་རོལ་པ་མཛད་པས་གཙོ་བོ་ཉིད་བདེ་བ་ཆེན་པོའི་རང་་་་་་་་
བཞིན་བྱང་ཆུབ་ཀྱི་སེམས་སུ་
གྱུར་ནས་ཡུམ་གྱི་བྷ་ག་ལ་ཐིམ་ནས་གཉིས་སུ་མེད་
པར་གྱུར་པར་བསམ་མ་མོ།
 དེ་ནས་རིགས་བཞིའི་དེ་བཞིན་གཤེགས་པ་དང་།
སེམས་དཔའ་སེམས་མ་དང་། ཁྲོ་བོ་དང་ཁྲོ་མོ་རྣམས་ཡུམ་བཞི་ལ་ཐིམ་པའི་ཡུམ་
བཞི
ས་དབུས་ཀྱི་གཙོ་བོ་ལ་སོ་སོའི་རིགས་ཀྱི་བདག་པོའི་སྒོ་ནས་བསྟོད་ཅིང་བསྐུལ་
23---380

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*