www.dharmabook.ru tibetan OCR



འགྱུར་ཞེས་སྦྱར་རོ། སྐུ་ད་ང་གསུང་ད་ང་ཐུགས་ཀྱིས་མཚན།་།ཞེས་པ་ནི་
སེམས་ཅན་ཐམས་ཅད་ཀྱི་སེམས་
ནི་སྐུ་ལ་སོགས་པའི་རང་བཞིན་ནོ་ཞེས་གཅིག་ཏུ་
བྲོད་པའོ། དེ་ནི་ནམ་མཁའ་ལྟར་མཉམ་པའི་སྤྱོད་པ་ཡིན་ནོ། དེ་ལ་སྔགས་
ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཞེས་པ་ནི་བསྒྲུབ་པའི་ངོ་བོ་སྟེ། རྡོ་རྗེ་
སྔགས་ཀྱི་སྐུ་
གང་ཡིན་ཞེས་པ་ནི་སངས་རྒྱས་ཀྱི་རྡོ་རྗེ་གསུམ་པོ་ད་ག་ཀྱང་བསྐུལ་བ་
དང་
སྔགས་ཀྱི་གསུང་དང་སྤྲོ་བའི་སྐུས་བསྒོམ་པ་ལྟར་བདག་གིས་ཀྱང་དེང་སང་
ཡན་ཆད་
བསྒོམས་པས་དེ་ད་ང་འདྲ་བར་འགྱུར་ཞེས་བྲོད་པ་སྟེ་དེ་བཞིན་ཡན་ལག་
གཞན་ལ་ཡང་དྲན་པར་བྱའོ། ཡང་ད་མ་ཚིག་རྗེས་སུ་དྲན་པ་གསུངས་པ་ཁུ་བ་
ཞེས་པ་ལ་སོགས་པའོ།
ཆོ་ག་བཞིན་ཞེས་པ་ནི་བཟང་པོ་ཞབས་ལ་སོགས་པས་
བཤད་པའི་བདུད་རྩིའི་སྦྱོར་བའོ། དེ་བཞིན་གཤེགས་པའི་འཁོར་བསད་ན།་།
ཞེས་པ་ནི་དབང་པོ་དམན་པའི་རྣམ་པར་རྟོག་པ་བཅོམ་པ་སྟེ་གཉིས་སུ་མེད་ཅེས་
པའི་
དོན་ཏོ། དངོས་གྲུབ་རབ་ཏུ་འཐོབ་པར་འགྱུར། ཞེས་པ་ནི་དེའི་སྟོབས་
ཀྱིས་ཉམས་པ་
སླར་ག་སོས་[༢]པར་འགྱུར་བའི་དོན་ཏོ། རང་བཞིན་གྱིས་ནི་རབ་
ཏུ་གསལ། ཞེས་པ་ལ་སོགས་པ་ནི་འདི་ལྟར་གསུངས་ཏེ་ནམ་མཁའ་ལྟར་གསལ་
བ་དང་། མ་སྐྱེས་པ་དང་། ཉོན་མོངས་པ་མེད་པ་དང་། དེ་རྟོག་པ་མེད་པ་
དང་།
རྒྱུ་མེད་པ་དང་། འབྲས་བུ་མེད་པ་རྣམས་བསྒོམ་པ་ནི་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་སྟེ།
དེས་ནི་བསྒོམ་མོ་ཞེས་པ་ནི་འདི་ཡིན་ནོ། དེ་ལས་ཕྱེ་བའི་
ངོ་བོ་ནི་རབ་ཏུ་གསང་བ་ད་ང་མཚན་མ་མེད་དང་མི་འགྱུར་བ་སྟེ། ད་པེ་ནམ་
མཁའ་ལྟ་
བུ་ད་ང་། གཉིས་སུ་མེད་པ་ད་ང་། གཉིས་སུ་མེད་པ་མ་ཡིན་པ་དང་།
ཞི་བ་དང་། ཤིན་ཏུ་དྲི་མ་མེད་པ་སྟེ། ད་པེ་ནམ་མཁའ་ལྟར་དེ་གཉིས་ནི་
མ་སྐྱེས་པ་དེ་
ཁོ་ན་ལ་གསུངས་པ་སྟེ་དེ་བསྒོམ་པའོ། དེ་གཉིས་ཀྱི་སྟོབས་ཀྱིས་
23---438

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*