www.dharmabook.ru tibetan OCR



བཞིན་དུ་དྲི་ཚོར་བ་ཙམ་ལ་སོགས་པས་ཀྱང་སྣོམ་པ་རྡོ་རྗེ་ལ་སོགས་པར་འགྱུར་རོ།
ཨོཾ་ཞེས་པ་ནི་རྟག་པའི་རྣལ་འབྱོར་པས་ལག་པ་གཡས་པ་ལ་ཨོཾ་ལས་བསྐྱེད་[༡]པའི་་
འཁོར་ལོ
འི་ལྟེ་བ་ལ་དེ་ཉིད་བཀོད་དེ། དེའི་འོད་ཀྱིས་བསྒྲུབ་བྱའི་ལུས་ལ་ཁྱབ་སྟེ།
དུག་བསྡུས་ནས་འོད་ཟེར་གཞན་གྱིས་གཏོར་ཏེ། ཡང་བདུད་རྩི་འོད་ཟེར་འབབ་
པས་ཕྱིར་ལུས་དགང་བར་བྱ་སྟེ་འདི་ནི་འོག་ཏུ་ཡང་ཤེས་པར་བྱའོ། ཧཱུཾ་ཞེས་པ་
ནི་རྡོ་རྗེ་སེམས་དཔའ་འམ་མི་བསྐྱོད་པ་དཀར་པོར་འགྱུར་བ་སྔ་མ་བཞིན་དུ་ཧཱུཾ་་་་་་་
གི
ས་[༢]རྡོ་རྗེ་བསྐྱེད་དེ། དེའི་འོད་བསིལ་[༢]བས་བསྒྲུབ་བྱའི་ལུས་ལ་ཁྱབ་སྟེ་སྤྱི་བོ་
ལ་སོགས་པའི་གནས་བཞིར་ལན་གསུམ་དུ་བསྡུས་ཏེ། ཡང་སྙིང་གར་བསྡུས་ནས་
སྐྱུ
གས་པར་བསམས་ན་ནད་མེད་པར་འགྱུར་རོ། ཨ་ཞེས་པ་ནི་སྣང་བ་མཐའ་
ཡས་ད་ཀར་པོ
ར་བ་སྒྱུར་བས་རྟག་[༤]པའི་ཆོ་ག་ཁོ་ནར་སྦྱར་ན་ཉེ་བའི་དུག་མེད་པར་
འགྱུར་རོ།
་།སྡུད་པ་ན་ནི་ཞེས་པ་ནི་དུག་དང་འདྲེས་པའི་ཕྱིར་ནག་པོ་ཡིན་ལ།
བསྐུལ་བ་ནི་དེ་དང་མ་འདྲེས་པ་གཞན་མ་ཡིན་པས་ད་ཀར་པོ་སྟེ་རྟག་པ་ལ་ཡང་་་་་་
འདི་ཤེས་པར་བྱའོ། ཡང་མཚན་གྱི་སྔགས་ཀྱིས་ཀྱང་རླུང་ལ་སོགས་པའི་ཕྱི་ནང་
གི་ནད་
བསལ་[༥]བ་གསུངས་པ། དེ་ལ་འདི་ནི་ཞེས་པ་ལ་སོགས་པ་སྟེ། འདིའི་
དོན་ནི་
ཡི་གེ་གང་གིས་ནད་གཞོམ་པར་འདོད་པ་དེའི་གཟུགས་རྟག་པ་ལ་སོགས་་་་
པར་བསྒོམས་
ལ་ཅི་སྟེ་[༦]མི་བསྐྱོད་པའམ་གཞན་ཡིན་ན་མདོག་དང་གད་ན་ལ་སོགས་
པ་
རྡོ་རྗེ་ལས་ཀྱི་གོ་འཕང་དཀར་པོ་ལ་སོགས་པ་བསྒྱུར་ཏེ། དེའི་མཚན་མ་འཁོར་
ལོ་ལ་སོགས་པ་དང་།
 ས་བོན་གྱི་འོད་ད་ང་ནང་བསྐུལ་བའི་ཚིག་རང་གི་མཚན་
གྱི་སྔགས་དབུགས་ཀྱི་ཡི་གེས་བཟླས་ཏེ། ཕྱ་[༧]ཏི་མ་པ་ན་ཧཱུཾ་ཞེས་བསྐུལ་བས་ནད་་
པའི་ལུས་ལས་
སྤྲེའུ་ལ་གོགས་པ་དང་འདྲ་བའི་གཟུགས་གན་ས་གསུམ་ནས་བྱུང་
བར་བསམས་ཏེ།
ཡང་རྡོ་རྗེ་གོ་འཕང་ནག་པོ་ལ་སོགས་པར་བསྒྱུར་ཏེ། དེས་
23---495

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*