www.dharmabook.ru tibetan OCR



པའོ༑ རང་བཞིན་རང་བདེ་ཞི་བ་ནི། སྒྲུབ་པ་ཆེན་པོ་ཞེས་བྱའོ། ཞེས་སོ།
ཞིང་ཞེས་པ་ནི་གཞན་གྱི་དོན་ལ༐བསྙེགས་པ་[༡]སྟེ། ལྷ་མོ་བཞི་ཁོ་ན་དང་ལྡན་པ་
མ་ཡིན་ཏེ།
ལུས་ཀྱི་དཀྱིལ་འཁོར་གྱི་ལྷ་རྣམས་དང་ཡང་ལྡན་པའི་དོན་སྟོན་པའོ།
འཁོར་ཕུན་སུམ་ཚོགས་པ་བསྟན་[༢]པ། སངས་རྒྱས་གཟུགས་ཀྱིས་ཉེར་བརྒྱན་པ།
ཞེས་ཏེ། དེ་ལ་སངས་རྒྱས་ཞེས་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་»
སངས་རྒྱས་རིགས་ལྔ་དང་།
རིག་མ་བཞི་དང་། ལྕགས་ཀྱུ་མ་[༢]ལ་སོགས་པ་་
བཞི་དང་།
སྤོས་མེ་མ་ལ་སོགས་པ་བཞི་དང་། སྒེག་མོ་ལ་སོགས་པ་བཞི་དང་།
བྱང་ཆུབ་སེམས་དཔའ་བརྒྱད་ད་དེ། པདྨ་བཞིན་དུ་སངས་རྒྱས་ཀྱི་ཆོས་ཐམས་ཅད་
ཐུགས་སུ་ཆུད་ནས་མ་ལུས་པར་བྱང་ཆུབ་ལ་བློ་རྒྱས་པའི་ཕྱིར་རོ། དེ་ད་ག་གི་སྐུ་
ཕྱག་རྒྱ་ནི་སངས་རྒྱས་གཟུགས་ཞེས་ས་སོ། སངས་རྒྱས་ཀྱི་གཟུགས་དེས་རྡོ་རྗེ་་་་་་་»
སེམས་དཔའི་ཕུང་པོ་ལྔ་དང་།
འབྱུང་བ་ཆེན་པོ་བཞི་ད་ང་། རྣམ་པར་ཤེས་
པ་བརྒྱད་དང་།
ཡབ་ཡུམ་གྱི་བདུད་རྩི་ལ་སོགས་པའི་རིགས་ལྔ་ལ་སོགས་པར་ཉེ་
བར་
སྦྱོར་བ་དང་ལྡན་པས་ན། སངས་རྒྱས་གཟུགས་ཀྱིས་ཉེར་བརྒྱན་པ།
ཞེས་པ་ནི་མཛེས་པའོ། ཡང་ན་སྐུ་གསུང་ཐུགས་དང་ལྡན་ཞིང་སྤྲོ་[༤]བ་དང་བསྡུ་
བ་མཛད་པ
ས་སངས་རྒྱས་གཟུགས་ཀྱིས་ཉེར་[༥]བརྒྱན་པ་ཞེས་སོ། གནས་ཕུན་»
སུམ་ཚོགས་པ་བསྟན་པ།
ཤིན་ཏུ་དགའ་བའི་སྦྱོར་ཆེན་ལ། ཞེས་པ་སྟེ། དེ་
ལ་ཤིན་ཏུ་ད་གའ་
བའི་ཞེས་པ་ནི་ཁྱད་པར་དུ་སྐྱོན་མེད་ཅིང་རྟག་པར་ཀུན་དུ་ཁྱབ་
པའི་སེམས་ཅན་གྱི་དོན་
ལ་ཆགས་པའི་རྡོ་རྗེ་འཛིན་པའི་སྐུའི་གསང་བའོ། དེ་་
ལྟར་ཡང་མཉམ་སྦྱོར་
གྱི་རྒྱུད་ཕྱི་མ་ལས་གསུངས་པ།་སྐྱོན་མེད་རྟག་པ་གཏན་དུ་
ནི༑
ཐམས་ཅད་འདོད་ཆགས་རྗེས་ཆགས་པས། དེ་ཉིད་གསང་བ་བཅོམ་«
ལྡན་འདས།
འདོད་ཆགས་ཆེན་པོ་དགའ་བ་ཆེ། ཞེས་སོ། ཡང་ན་ཤིན་«
23---ཏྲ་7

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*