www.dharmabook.ru tibetan OCR



རིགས་རྩེ་མོའི་མངོན་པར་རྟོགས་པ་མངོན་པར་འཕེལ་བ་ཐོབ་པར་[༡]ཉུང་བ་ཉིད་་
ཡིན་པར་ཤེས༐
པར་བྱེད་[༢]པའི་དོན་གྱིས་གང་གསུངས་པ་ཡིན་ནོ། བཅུ་གཅིག་
པ་ནི།
འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་བའི་ལས་ཡང་དག་པར་བླངས་ཏེ་
གནས་པའི་སེམས་ཅན་ཉུང་བའི་དཔེས་རྩེ་མོའི་མངོན་པར་རྟོགས་པའི་འབྲས་བུ་་
སངས་རྒྱས་ཉིད་ཐོབ་པ་རྙེད་པ་ནི་ཆེས་ཉུང་བ་ཉིད་དུ་་ཤེས་པར་བྱེད་པའི་དོན་་་་་་་
གྱིས་
གང་གསུངས་པ་ཡིན་ནོ། བཅུ་གཉིས་པ་ནི། ཡང་ཕ་རོལ་ཏུ་ཕྱིན་པ་་་་་་་
དྲུག་གིས་[༢]མི་མཐུན་པའི་ཕྱོགས་ཀྱི་སེམས་མི་སྐྱེ་བ་ཉིད་ཀྱིས་གང་གསུངས་པ་ཡིན་
ན་ནོ༑
བཅུ་གསུམ་པ་ནི། ཡང་གཟུགས་ལ་སོགས་པ་དང་ལྡན་པའི་སེམས་མི་་་་
སྐྱེད་[༤]པ་དང་།
དེ་ཅིའི་ཕྱིར་ཞེ་ན། རྩེ་མོའི་མངོན་པར་རྟོགས་པའི་མཚན་
ཉིད་ཅན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པའི་བྱང་ཆུབ་སེམས་་་་
དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་ལ་ད་མིགས་སུ་མེད་པ་ཉིད་དུ་གང་
གསུངས་པ་ཡིན་ནོ།
བཅུ་བཞི་པ་ནི། འཇིག་ཚོགས་ལ་ལྟ་བའི་དཔེས།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་འདུས་པ་ཉིད་དུ་
གང་གསུངས་པ་ཡིན་ནོ། བཅོ་ལྔ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་
སློབ་པ་ནི་ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པའི་རྒྱུ་ཉིད་དུ་གང་གསུངས་པ་ཡིན་
ནོ༑
གལ་ཏེ་དེ་ལྟ་ཡིན་ན་དེ་[༥]ཉན་ཐོས་དང་རང་སངས་རྒྱས་སུ་ཡང་འགྱུར་རོ་
ཞེ་ན།
དེའི་ཕྱིར་ཉན་ཐོས་ད་ང་རང་སངས་རྒྱས་ཀྱི་ཕུན་སུམ་ཚོགས་པ་ནི་ཤེས་པ་
ད་ང་།
མཐོང་བས་རྣམ་པར་བལྟས་ནས་འདའ་བར་བྱ་སྟེ་ཞེས་གསུངས་ཏེ།
རྗེས་སུ་དཔག་པའི་ཤེས་པ་བསལ་བའི་དོན་དུ་མཐོང་བ་ཞེས་སྨོས་པ་ཡིན་ལ།
འཁྲུལ་པའི་མཐོང་བ་བསལ་བའི་དོན་དུ་ཤེས་པ་ཞེས་སྨོས་པ་ཡིན་ཏེ། ཤེས་པ་
ད་ང་མཐོང་བའི་ཚིག་གིས་ནི་ཉན་ཐོས་ད་ང་རང་སངས་རྒྱས་ཀྱི་[༦]ས་དག་ལ་ནི་བྱང་

49---38о-

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*