www.dharmabook.ru tibetan OCR



བསྒོམ[༡]པའི་ལམ་ཟག་པ་དང་བཅས་པ་ནི་རྣམ་པ་གསུམ་མ་མོ། དེའི་རྗེས་
ལ་བསྒོམ་[༢]པའི་ལམ་ཟག་པ་མེད་པ་བསྒོམ་པར་བྱ་བ་ཡིན་ཏེ།
དེ་ཡང་རྒྱུ་ད་ང་
འབྲས་བུའི་དབྱེ་བས་རྣམ་པ་གཉིས་ཡོད་
པས་དང་པོ་སྒྲུབ་པའི་མཚན་ཉིད་བསྒོམ་
པའི་ལམ་བསྟན་པར་བཞེད་ན་ས།
དམུས་ལོང་ཞེས་བྱ་བ་ལ་སོགས་པ་གསུངས་
ཏེ༑
དཔེར་ན་དམུས་ལོང་བྱེ་བ་ཁྲག་ཁྲིག་རྣམས་ལོང་ཁྲིད་དང་བྲལ་བའི་ཕྱིར་
ཁྲིད་པ༐
མེད་པ་[༢]རྣམས་ཀྱིས་ཡང་ལམ་གྱི་རང་བཞིན་ཡོངས་སུ་མི་ཤེས་[༤]ན་མི་
མཁས་པས་
གྲོང་ཁྱེར་དུ་འཇུག་པ་ལ་མཁས་པར་ག་ལ་འགྱུར་ཏེ་སྨོས་ཀྱང་ཅི་དགོས་
ས་སོ༑
དེ་བཞིན་དུ་སྒྲུབ་[༥]པའི་མཚན་ཉིད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་
བྲལ་བས་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དམིགས་བུ་མེད་པས་
དམུས་ལོང་ལྟ་བུར་གྱུར་པ་ཡིན་པའི་ཕྱིར༐
དམིགས་པ་[༦]དང་བྲལ་བས་སངས་རྒྱས་
ཉིད་ཐོབ་པར་བྱེད་པ་རབ་ཏུ་དགའ་བ་ལ་སོགས་པའི་སར་འཇུག་པ་ལ་ཁྲིད་པར་
བྱེད་པའི་དམིགས་བུ་མེད་པས་ཐོབ་པར་མི་ནུས་པས་བྱང་ཆུབ་རེག་པར་ནུས་པ་མ་
ཡིན་ཏེ།
རྣམ་པ་ཐམས་ཅད་མཁྱེན་པའི་གྲོང་ཁྱེར་དུ་འཇུག་པར་མི་ནུས་ཞེས་བྱ་་་་
བའི་བར་དུའོ།
དེ་ལྟ་ན་གང་དུ་ཡང་དག་པའི་མིག་འཐོབ་ཅེ་ན། གང་ཚེ་ཞེས་བྱ་
བ་ལ་སོགས་པ་གསུངས་ཏེ།
གང་གི་ཚེ་མཐོང་བ་དང་ཤིན་ཏུ་རྣམ་པར་ད་ག་པའི་
ལམ་གཉིས་ཀྱི་དབུས་མཚམས་ཟག་པ་མེད་པའི་རྒྱུའི་གནས་བསྒོམས་[༧]པའི་སྟོབས་
སུ་གང་གྱུར་པའི་ཤེས་རབ་ཀྱིས་སྦྱིན་པ་ལ་སོགས་པ་བཟུང་[༨]བ་དེའི་ཚེ་དེར་
ཐམས་
ཅད་ཕུན་སུམ་ཚོགས་པའི་རྒྱུ་ཤེས་རབ་ཀྱི་མིག་རྙེད་པ་སྟེ།
མིག་འཐོབ་པར་
འགྱུར་ར་རོ།
དེ་ཉིད་ཀྱི་ཕྱིར་སངས་རྒྱས་སུ་འགྲོ་བས་སྦྱིན་པ་ལ་སོགས་པས་ཀྱང་
ཕ་རོལ་ཏུ་ཕྱིན་པའི་མིང་འཐོབ་བ་བོ།
གཞན་དུ་[༩]ན་མིག་མེད་པས་དཔེར་ན་རི་་
е-2---77

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*