www.dharmabook.ru tibetan OCR



མཉན་ནས་སེམས་པ་ན་རྒྱལ་བའི་ཤེས་རབ་ཕ་རོལ་ཕྱིན་པ་ལ་གོང་ནས་གོང་དུ་
ད་གའ་བ་དང་
འདུན་པ་བསྐྱེད་པ་མཐོང་བ་དེའི་ཚེ་འདིར་མཉན་པ་ལ་སོགས་པའི་
སྦྱོར་བས་མྱུར་དུ་བྱང་ཆུབ་མཆོག་རེག་སྟེ[༡]།
སྤྲུལ་པའི་སྐུ་ཐོབ[༢]པོ། ཡང་་་་་་་
མཉན་པ་ལ་སོགས་པའི་བླང་བར་བྱ་བ་དང་དོར་བར་བྱ་བའི་ཆོས་ཇི་ལྟར་བླང་བ་
ད་ང་།
དོར་བ་ཐོབ་ཅེ་ན། ཤེས་རབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ།
ཤེས་རབ་ཕ་རོལ་[༢]ཕྱིན་མཆོག་སྤྱོད་ཚེ་རྣལ་འབྱོར་པ་ཉན་པ་ལ་སོགས་པ་ནི་སྤྱོད་
པའོ༑
རྣལ་འབྱོར་པ་གང་ཞིག་གཟུགས་ལ་སོགས་པ་ཆོས་ཐམས་ཅད་དེ་ཁོ་ན་
ཉིད་དུ་འཕེལ་བ་སྟེ་སྐྱེ་བ་མི་མཐོང་བའོ།
ཡོངས་སུ་འགྲིབ་པ་མེད་དེ་འཇིག་པ་
མི་མཐོང་ངོ་། དེ་ལྟ་བས་ན་གང་ཞིག་ཆོས་དང་ཆོས་མིན་མི་མཐོང་ཞིང་།
འདི་དག་སོ་སོར་སྣང་བ་གནས་པར་མཐོང་བ་[༤]སྒྱུ་མ་ལྟ་བུ་ཡིན་པས་ཆོས་ཀྱི་
དབྱིངས་ཏེ།
སྟོང་པ་ཉིད་ཀྱི་རྣམ་པའི་སྙིང་པོ་ཅན་ཡེ་ཤེས་ཀྱི་རང་བཞིན་དེ་དག་
ཇི་ལྟ་བ་བཞིན་གནས་པ་རྟོགས་པའི་སྟོབས་ཀྱིས་མྱ་ངན་ལས་འདས་པ་སྟེ།
ཉན་
ཐོས་ལ་སོགས་པའི་བྱང་ཆུབ་ལ་མི་རེག་པར་གནས་པ་དེ་ནི་སྐུ་གསུམ་ཐོབ་ནས་
ཆོས་ཀྱི་དབྱིངས་ཀྱི་
ཤེས་རབ་གནས་ས་སོ། དེ་ལྟར་ཇི་སྐད་བསྟན་པའི་ཕྱིན་ཅི་མ་
ལོག་པའི་ལམ་ལ་གོམས་པར་བྱས་པས་འབྲས་བུ་དེ་དག་ཐམས་ཅད་དུ་འགྱུར་ར་རོ།

དེ་བས་ན་སྦྱོར་བ་སྒྲུབ་བོ་ཞེས་བྱ་བར་དགོངས་ས་སོ། རྣམ་པ་ཕུལ་དུ་བྱུང་བའི་ཆེ་
བའི་བད་ག་ཉིད་བཤད་ན་ས།
ཡོན་ཏན་བརྗོད་ན་དེ་རྟོགས་པ་སྔོན་དུ་འགྲོ་བས་
ཁྱད་པར་དུ་གོམས་པར་འགྱུར་བས་དེའི་ཡོན་ཏན་བསྟན་[༥]པར་བཞེད་ནས།
གང་ཞིག་འདིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་ད་པའ་་་་་་
ཆོས་དང་གང་ཟག་ལ་བདག་མེད་པ་བསྒོམ་པ་ནི་གང་ཞིག་འདིར་ར་རོ།
ཡང་སྦྱོར་
བ་ལ་གནས་པ་ནི་སྤྱོད་པའོ།
སྤྱིའི་སངས་རྒྱས་ཀྱི་ཆོས་ནི་རྒྱུ་དང་འབྲས་བུའོ།
е-2---8о-

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*