www.dharmabook.ru tibetan OCR



མི་དགེ་བ་བཅུའི་ལས་སྤངས་པས་ན་གཙང་བྱས་ས་སོ། སྣ་ཚོགས་པའི་གོས་བཟང་
པོ་འབྱོར་པས་ན་གཙང་མའི་གོས་འཆང་ངོ་།
མཚན་ལ་སོགས་པས་བརྒྱན་པའི་
ལུས་དང་ངག་དང་ཡིད་རྣམ་པར་དག་པ་ཐོབ་པས་ན་གསུམ་པོ་ད་བེན་ཞིང་དག་་
པའོ༑
སེར་སྣ་ལ་སོགས་པའི་སེམས་མི་བསྐྱེད་པས་ན་རྙེད་འདོད་མ་ཡིན་པའོ།
ཐམས་ཅད་དུ་ཆོས་ཉིད་དང་འགལ་བའི་སྦྱོར་བ་མི་བྱེད་པས་ན་ཁྱུ་མཆོག་གོ།
འགྲོ་བ་ལ་རྗེས་སུ་བརྩེ་བའི་ཕྱིར་དམྱལ་བ་ལ་སོགས་པར་སྐྱེ་བར་འདོད་པས་ན་
རྟག་ཏུ་ཆོས་འདོད་པའོ།
རྟོགས[༡]པས་ཆོས་ཉིད་ལ་ཡིད་ཆེས་པའི་ཕྱིར་བདུད་
ཀྱི་ཡུལ་ལས་འདས་པའོ།
བདུད་བཅོམ་པའི་གཟུགས་ངེས་པར་ཤེས་པས་ན་
གཞན་གྱི་དྲིང་མི་འཇོག་པ་དང་།
སངས་རྒྱས༐ཀྱི་སྣང[༢]་བའི་བསམ་གཏན་བཞི་
ལ་བསམ་གཏན་དེ་ལ་མི་གནས་སོ།
ངེས་པར་འབྱེད་པའི་ཆ་ལ་གནས་པའི་ཕྱིར་
མི་ལྡོག་པའི་མཚན་ཉིད་ཀྱི་རྗེས་ལ་ཆོས་ཉིད་གོམས་པར་བྱས་པས་མཐོང་བའི་ལམ་
ལ་གནས་
པའི་ཕྱིར་མི་ལྡོག་པའི་མཚན་ཉིད་དེ་རྟོགས་པ་ཡང་ལུས་དང་ངག་དང་་
ཡིད་ཀྱི་བྱ་བར་བརྗོད་པ་ལས་ཡིན་པར་བསྟན་པར་བཞེད་ནས།
གྲགས་པ་ཞེས་
བྱ་བ་ལ་སོགས་པ་གསུངས་ཏེ།
གཟུགས་ལ་སོགས་པའི་འདུ་ཤེས་ལས་ལོག་པས་
ན་གྲགས་པ་འདོད་པ་མ་ཡིན་ན་ནོ།
ཐེག་པ་ཆེན་པོ་ལ་ཞུགས་པ་ཉིད་ཀྱིས་ཉེས་པ་
ཐམས་ཅད་མེད་པའི་ཕྱིར་ཁྲོ་བས་སེམས་དཀྲུགས་མེད་ད་དོ།
བདག་མེད་པ་་་་་་
རྟོགས་པ་ད་ང་སེམས་ཅན་གྱི་དོན་ལ་ཐབས་ལ་[༢]མཁས་པའི་སྟོབས་ཀྱིས་ཁྱིམ་པར་
གྱུར་ན་ཡང་མངོན་པར་ཞེན་པ་མེད་པར་ལོངས་སྤྱོད་པར་བྱེད་དེ།
དུས་ཐམས་
ཅད་དུ་ཡུལ་གྱི་
ཉེས་པ་མཐོང་བས་ཚངས་པར་སྤྱོད་པ་ཡིན་པའི་ཕྱིར་ཞེན་པ་མེད་
པས་དངོས་པོ་ཀུན་མ་ཆགས་སོ།
སྐྱེས་བུ་དམ་པའི་ཆོས་ཉིད་ཀྱིས་འཚོ་བའི་ཕྱིར་
ཡང་བས་ཉོ་ཚོང་ལ་སོགས་པ་[༤]ལོངས་སྤྱོད་འཚོ་བར་མི་བྱེད་ད་དོ།
དེ་བཞིན་དུ་
བྱ2---114

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*