www.dharmabook.ru tibetan OCR



རོ༑ དེ་བཞིན་དུ་དང་པོའི་སེམས་གཙོ་བོའི་རྒྱུ་ཡིན་པའི་ཕྱིར། བྱང་ཆུབ་ཀྱི་
གཞི་དང་པོའི་རྒྱུ་དེ་ཉིད་ཡོངས་སུ་འགྱུར་བའི༐
ཕྱིར་ཕྱི་མ[༡]་སྦྱོར་བ་ལས་སངས་རྒྱས་
ཀྱི་ཕུན་སུམ་ཚོགས་པ་དེ་དག་སངས་རྒྱས་ཉིད[༢]་དེ་ཐོབ་ནས་འགག་གོ།
ཡང་
དང་པོ་དེ་མེད་ན་བྱང་ཆུབ་མེད་པར་འགྱུར་ར་རོ།
སེམས་ཀྱི་སྐད་ཅིག་མ་གཉིས་
པ་ཡང་རྒྱུ་ཡིན་པར་གསལ་བར་བསྟན་པའི་ཕྱིར།
ས་བོན་ཞེས་བྱ་བ་ལ་སོགས་པ་
གསུངས་ཏེ།
སྐད་ཅིག་མ་གཉིས་པའི་ངོ་བོ་ནས་ད་ང་སཱ[༢]ལུའི་ས་བོན་ལ་རྟེན་
ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་ཀྱི་སྟོབས་ཀྱིས་འབྱུང་སྟེ།
འབྲས་བུར་གྱུར་
པ༐
རྣམས་ད་ང་སཱ[༦]་ལུ་ལ་སོགས་པ་དེ་དང་དེ་དག་སྟེ། ས་བོན་དེ་དག་འབྲས་བུ་
སྐྱེ་བའི་དུས་ན་མེད་ད་དེ།
དམིགས་པའི་རེག་བྱར་གྱུར་ལས་མི[༢]་དམིགས་པའི་་་་་་་
ཕྱིར་རོ།
རྣམ་པ་ཐམས་ཅད་དུ་སྐད་ཅིག་མའི་རྒྱུན་ཡང་མེད་དོ་ཞེས་ངེས་པར་
མི་ནུས་ཏེ།
རྒྱུ་དེ་ད་ག་དང་མཐུན་པར་འབྲས་བུ༐སྐྱེས་པའི་ ཕྱིར་རོ། དེ་
བཞིན་དུ་དང་པོའི་སེམས་
སྐད་ཅིག་མའི་སྟོབས་ཀྱིས་སྐད་ཅིག་མ་གཉིས་པའི་
སེམས་བསྐྱེད་དེ་རྒྱལ་བ་
ནམས་ཀྱི་བྱང་ཆུབ་སྐྱེ་བར་འགྱུར་རོ། དེ་ཁོ་ན་ཉིད་དུ་
རྒྱུ་ད་ང་འབྲས་བུ་རྟོགས་པར་མི་ནུས་ཏེ།
རང་བཞིན་མེད་པའི་ཕྱིར་ཏེ།
འདིར་འགྲོ་བ་སྒྱུ་མ་ལྟ་བུར་རྟོགས་པར་བྱའོ། རྒྱ་ཆེར་བསྟན་ནས་ཉེ་བར༐བསྡུ་
བའི་[༧]ཕྱིར།
ཆུའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆུའི་ཐིགས་པས་བུམ་་
པ་དང་པོ་ཐ་མའི་བར་གྱིས་ཉུང་ངུ་ཉུང༐
ངུས་ཀྱི་[༨]བར་ཏེ། དང་པོའི་ཆུ་ཐིགས་པ་
རིམ་པ་ཕྱི་མ་ཕྱི་མ་དང་བཅས་པས་དེ་ཡོངས་སུ་འགེངས་པ་ལྟར།
དེ་བཞིན་དུ་
ད་ང་པོའི་སེམས་ཀྱང་བླ་ན་མེད་པ་བྱང་ཆུབ་ཀྱི་རྒྱུ་ཡིན་ཏེ།
རིམ་གྱིས་སེམས་ཀྱི་་་་
སྐད་ཅིག་མ་གཉིས་པ་ལ་སོགས་པ་དང་བཅས་པ་སྦྱོར་བའི་ལམ་ལ་སོགས་པའི་རང་
བཞིན་ཡིན་པའི་ཕྱིར་དཀར་པོའི་ཡོན་ཏན་གྱི་ཚོགས་ཡོངས་སུ་རྫོགས་པ་ཐོབ་པའི་

བྱ2---123

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*