www.dharmabook.ru tibetan OCR



ཇི་སྐད་བསྟན་པའི་མཐོང་བའི་ལམ་རྒྱུ་དང་བཅས་པས་སྟོབས་བཅུ་ལ་སོགས་པའི་
མངོན་པར་ད་གའ་བའི་ཡོན་ཏན་གྱིས་རྒྱལ་བའི་སྲས་རྣམས་དེ་དག་གནས་སོ་ཞེས་
བྱ་བར་དགོངས་སོ།
བྱང་ཆུབ་སེམས་དཔའི་ལམ་ད་ང་མཚུངས་པ་ཉིད་ཀྱིས་
ཉན་ཐོས་ལ་སོགས་
པ་འདི་དག་གནས་སམ་ཞེ་ན། ལན་དུ་དགྲ་བཅོམ་ཞེས་བྱ་བ་
ལ་སོགས་པ་
གསུངས་ཏེ། ད་གྲ་བཅོམ་རྣམ་ཐར་དེ་བཞིན་གཤེགས་ཀྱི་མ་གཏོགས་
པར༑
རེ་ཞིག་ཉན་ཐོས་རྣམས་དང་། རང་སངས་རྒྱས་དང་བཅས་པའི་
མཐོང་བའི་ལམ་ལ་སོགས་པའི་མཚན་ཉིད་
ཀྱིས་གནས་པའོ། ཉོན་མོངས་པའི་
སྒྲིབ་པ་སྤངས་པའི་བྱེད་པ་ཉིད་ནི་ཞི་བའོ།
སེམས་རྩེ་གཅིག་པས་ཉེ་བར་ཞི་
བས་རབ་
ཞིའོ[༡]། མཐོང་བའི་ཆོས་ལ་བདེ་བར་གནས་པར་བྱེད་པའི་ཕྱིར་བདེ་
ལྡན་ན་ནོ།
ཇི་སྙེད་དེ་དག་གི་མཆོག་ཏུ་འདི་གནས་པ་ཡིན་ཏེ། ཁྱད་པར་དུ་
ཤེས་བྱའི་སྒྲིབ་པ་
སྤངས་པའི་ཕྱིར་རྒྱལ་བའི་སྲས་རྣམས་ཐུན་མོང་མ་ཡིན་པའི་ཆོས་
རྟོགས་པ་ཡིན་པས་
ནལ་འབྱོར་གྱི་གོང་ན་མེད་པ་ཡིན་ནོ། ཐམས་ཅད་རབ་ཏུ་
ཁྱད་པར་དུ་འཕགས་པ་ཡིན་ན་མྱ་ངན་ལས་འདས་པ་ཇི་ལྟར་མ་རྟོགས་ཤེ་ན།

ལན་དུ་འདབ་ཆགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་འདབ་
ཆགས་མ།
ཁའ་ལ་གནས་ཀྱང་ལྟུང་བའི་གེགས་མེད་པར་གྱུར་ཀྱང་ལྟུང་བར་འགྱུར་
བ་མ་ཡིན་ཏེ།
རང་གི་ལས་ལས་སྐྱེས་པའི་གཤོག་པ་གཉིས་ལ་ནུས་པ་ཡོད་པའི་
ཕྱིར་ར་རོ།
ཉ་ནི་ཆུ་ལ་གནས་ཀྱང་འཚུབས་ཏེ་འཆི་བ་མེད་ད་དེ། རང་གི་ལས་ཀྱི་
དབང་གིས་ས་སོ།
དེ་ལྟར་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་ཐོབ་པའང་
དེ་བཞིན་དུ་བསམ་གཏན་གྱི་སྟོབས་ད་ང་ཕ་རོལ་སོན་པ་སྒྱུ་མ་ལྟ་བུ་མཐོང་བའི་
ལམ་ལ་མངོན་དུ་ཕྱོགས་པ་སྟོང་པ་ཉིད་ལ་གནས་ནས་མྱ་ངན་ལས་འདས་པ་ཐོབ་
པར་མི་བྱེད་དོ།
སྔོན་གྱི་སྨོན་ལམ་གྱིས་བསྐྱེད་པ་དང་སྙིང་རྗེ་ཆེན་པོའི་སྟོབས་
52---1ཏྲ7

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*