www.dharmabook.ru tibetan OCR



གལ་ཏེ་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་ལྷག་མ་ཡོངས་སུ་སྐྱོང་ཞིང་སྟེར་
བ་ན་འགྲོ་བ་དང་འབྲེལ་པར་སྦྱིན་པ་བྱིན་ནས་དེ་དག་ཉིད་ཡོངས་སུ་སྐྱོང་[༡]བ་ན་
དེ་ལ་བྱེད་པ་པོར་མི་དམིགས་པས་ན་བད་ག་གིར་མི་བྱེད་ལ།
བྱ་བའི་ལས་སུ་་་་
ཡང་མི་རྟོག་ལ།
དངོས་པོ་ལ་ཡང་ཕངས་པ་མེད་ན། དེ་ལས་དགེ་བའི་རྩ་བ་མཐུ་
ཆེན་འཕེལ་འགྱུར་ཏེ།
སྤྲིན་མེད་འོད་ལྡན་ཟླ་དཀྱིལ་ཡར་གྱི་ངོ་བཞིན་ནོ་ཞེས་བྱ་བ་
དེས་ནི་ཕ་རོལ་ཏུ་ཕྱིན་པ་ལྷག་མ་ལ་གདམས་པས་དོན་མ་ལུས་པ་ལ་གདམས་པ་
ཡིན་ཏེ།
བྱང་ཆུབ་སེམས་དཔའ་ཆོས་འཕགས་བཞིན་དུ་དགེ་བའི་བཤེས་གཉེན་་
གྱིས་བྱ་བ་ཡིན་པར་རིག་པར་བྱའོ།
ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་
པ་ལས་
ཆོས་འཕགས་ཀྱི་ལེའུ་སྟེ་སུམ་ཅུ་རྩ་[༢]གཅིག་པའི་བཤད་པའོ། 
དེ་ལྟ་བུའི་གད་མས་ངག་ཐོབ་པ་ལ་སེམས་བསྐྱེད་པ་ལ་སོགས་པའི་རིམ་གྱིས་
རབ་ཏུ་དགའ་བ་ལ་སོགས་པའི་ས་ཐོབ་པས་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་
པ་ལ་གཙོ་ཆེར་
ལྷག་པར་བྱ་བ་རྟོགས་པར༐བྱ་བའི་[༢]ཕྱིར། བྱང་ཆུབ་ཅེས་བྱ་བ་
ལ་སོགས་པ་གསུངས་ཏེ།
དེ་ལ་རེ་ཞིག་ས་དང་པོ་རབ་ཏུ་དགའ་བ་ལ་གནས་པའི་
བྱང་ཆུབ་སེམས་ད་པས་གཙོ་ཆེར་བྱ་བ་ནི་སེར་སྣ་སྤངས་ནས་སྦྱིན་པས་རྣམ་པ་
ཐམས་ཅད་དུ་ཡི་
དྭགས་སུ་འགྲོ་བའི་བདག་ཉིད་སེམས་ཅན་ཐམས་ཅད་ཀྱི་སེར་སྣ་
གཅོད་དོ། བྱང་ཆུབ་སེམས་དཔའ་[༤]དེ་བཞིན་དུ་ད་བུལ་བ་དང་ནི་སྟེ། དེ་
བཞིན་དུ་འབྲེལ་པའི་
སྲེད་པ་ད་ང་། མི་ཁོམ་པ་དང་། སྡུག་བསྔལ་ལ་སོགས་
པ་ད་ང་ཉོན་མོངས་པ་ཐམས་ཅད་གཅོད་ཅིང་སེལ་བར་བྱེད་ད་དོ།
ལོངས་སྤྱོད་ཀྱི་
རྣམ་པའི་བྱེ་བྲག་མཐའ་ཡས༐
རྒྱས་པ་[༥]ནི་རྒྱ་ཆེ་བ་ཐོབ་ནས་བྱང་ཆུབ་སེམས་དཔའ[༦]
སྤྱད་པ་སྤྱོད་པར་བྱེད་ད་དེ།
སྡུག་བསྔལ་དང་ལྡན་པའི་སེམས་ཅན་སྦྱིན་པས་བྱང་
52---184

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*