www.dharmabook.ru tibetan OCR



ཐམས་ཅད་ལས་ཀྱང་གསུངས་མོད་ཀྱི་ཚིག[༡]་མངས་སུ་དོགས་ནས་ཁུངས་ཉིད་དུ་མ་
བྲིས་སོ།
དེ་ལྟར་སེམས་བསྐྱེད་པ་དམིགས་པ་དང་རང་གི་ངོ་བོ་དང་བཅས་པ་
བརྗོད་ན་ས།
ད་ནི་དེའི་རབ་ཏུ་དབྱེ་བ་རྣམ་པ་ཉི་ཤུ་རྩ་གཉིས་བར་སྐབས་ཀྱི་
ཚིགས་སུ་བཅད་པ།
དེ་ཡང་ས་གསེར་ཟླ་བ་མེ། གཏེར་དང་རིན་ཆེན་འབྱུང་
གནས་མཚོ།
རྡོ་རྗེ་རི་སྨན་བཤེས་གཉེན་དང་། ཡིད་བཞིན་ནོར་བུ་ཉི་མ་གླུ།
རྒྱལ་པོ་མཛོད་དང་ལམ་པོ་ཆེ། བཞོན་[༢]པ་བཀོད་མའི་ཆུ་དང་ནི། སྒྲ་སྙན་
ཆུ་བོ་སྤྲིན་རྣམས་ཀྱིས།
རྣམ་པ་ཉི་ཤུ་རྩ་གཉིས་སོ། ཞེས་བྱ་བ་ད་ག་གིས་
བཤད་ད་དེ།
འདུན་པ་ད་ང་། བསམ་པ་དང་། ལྷག་པའི་བསམ་པ་ད་ང་།
སྦྱོར་བ་དང་། སྦྱིན་པ་དང་།་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་
འགྲུས་དང་།
བསམ་གཏན་དང་། ཤེས་རབ་དང་། ཐབས་མཁས་པ་ད་ང་།
སྨོན་ལམ་དང་། སྟོབས་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། མངོན་
པར་ཤེས་པ་དང་།
བསོད་ནམས་ད་ང་། ཡེ་ཤེས་དང་། བྱང་ཆུབ་ཀྱི་ཕྱོགས་
དང་མཐུན་པའི་ཆོས་དང་།
སྙིང་རྗེ་ད་ང་ལྷག་མཐོང་ད་ང་། གཟུངས་དང་།
སྤོབས་པ་དང་། ཆོས་ཀྱི་དགའ་སྟོན་དང་། བགྲོད་པ་གཅིག་པའི་ལམ་དང་།
ཆོས་ཀྱི་སྐུ་དང་ལྡན་པ་ནི། གོ་རིམས་བཞིན་དུ་ས་དང་། གསེར་བཟང་པོ་
དང་།
ཟླ་བ་ཚེས་པ་དང་། མེ་དང་། གཏེར་ཆེན་པོ་དང་། རིན་པོ་ཆེའི་
འབྱུང༐
ཁུངས་ཀྱི་[༢]གནས་དང་། རྒྱ་མཚོ་ཆེན་པོ་དང་། རྡོ་རྗེ་དང་། རིའི་
རྒྱལ་པོ་ད་ང་།
སྨན་དང་། དགེ་བའི་བཤེས་གཉེན་དང་། ཡིད་བཞིན་གྱི་
ནོར་བུ་དང་།
ཉི་མ་དང་། ཆོས་ཀྱི་སྒྲ་དབྱངས་སྙན་པ་དང་། རྒྱལ་པོ་ཆེན་
པོ་དང་།
བང་མཛོད་དང་། ལམ་པོ་ཆེ་དང་། བཞོན་[༤]པ་དང་། བཀོད་
མའི་ཆུ་དང་།
སྒྲ་སྙན་པ་དང་། ཆུ་བོའི་རྒྱུན་དང་། སྤྲིན་ལྟ་བུ་སྟེ། ཆོས་
52---216

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*