www.dharmabook.ru tibetan OCR



དེ་ལྟར་འཇུག་པ་བྱས་པ་ལ་ཚོགས་སྐྱེ་བས་གསུམ་པ་ཚོགས་ཀྱི་སྒྲུབ་པ།
བརྩེ་ད་ང་སྦྱིན་ལ་སོགས་པ་དྲུག ཞི་གནས་ལྷག་མཐོང་བཅས་པ་ད་ང་། ཟུང་
དུ་འབྲེལ་པའི་ལམ་གང་དང་།
ཐབས་ལ་མཁས་པ་གང་ཡིན་དང་། ཡེ་ཤེས་
ད་ང་ནི་བསོད་ནམས་ད་ང་།
ལམ་ད་ང་གཟུངས་དང་ས་བཅུ་དང་། གཉེན་
པོའི་ཚོགས་ཀྱི་སྒྲུབ་པ་ཡི།
རིམ་པ་ཡིན་པར་ཤེས་པར་བྱ། ཞེས་བྱ་བ་
གསུངས་ཏེ།
སྙིང་རྗེ་ཆེན་པོ་དང་། སྦྱིན་པ་དང་། ཚུལ་ཁྲིམས་ད་ང་།
བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་།
ཞི་གནས་ད་ང་། ལྷག་མཐོང་ད་ང་། ཟུང་དུ་འབྲེལ་བའི་ལམ་དང་། ཐབས་
མཁས་པ་དང་།
ཡེ་ཤེས་དང་། བསོད་ནམས་དང་། མཐོང་བ་ལ་སོགས་
པའི་ལམ་དང་།
ཚིག་ལ་སོགས་པའི་གཟུངས་དང་། ས་དང་གཉེན་པོ་རྣམས་
མི་དམིགས་པས་ཀུན་རྫོབ་ཀྱི་བདེན་པ་ལས་མི་འདའ་བར་ཐེག་པ་ཆེན་པོའི་དོན་
མཐའ་དག་སྒྲུབ་[༡]པས་སྙིང་རྗེ་ལ་སོགས་པ་འདི་དག་གིས་ཡང་དག་པར་འགྲུབ་
པའི་ངོ་བོས་བྱང་ཆུབ་ཆེན་པོ་འཛིན་པར་བྱེད་པའི་ཕྱིར་ན་སྙིང་རྗེ་
ཆེན་པོ་ལ་
སོགས་པ་ནི་ཚོགས་ཡིན་པས།
ཚོགས་ཀྱི་སྒྲུབ་[༢]པ་རྣམ་པ་བཅུ་བདུན་ནོ། དེ་
ལ་ཡེ་ཤེས་ཀྱི་ཚོགས་ནི།
ནང་དང་། ཕྱི་དང་། དེ་གཉིས་ཀ་དང་། སྟོང་
པ་དང་།
ཆེན་པོ་དང་། དོན་དམ་པ་དང་། འདུས་བྱས་དང་། འདུས་
མ་བྱས་དང་།
མཐའ་ལས་འདས་པ་དང་། ཐོག་མ་ད་ང་། ཐ་མ་མེད་པ་
དང་།
དོར་བ་མེད་པ་དང་། རང་བཞིན་དང་། ཆོས་ཐམས་ཅད་དང་།
རང་གི་[༢]མཚན་ཉིད་དང་། མི་དམིགས་པ་དང་། དངོས་པོ་མེད་པའི་ངོ་བོ་
ཉིད་དང་།
དངོས་པོ་ད་ང་དངོས་པོ་མེད་པ་དང་། རང་གི་ངོ་བོ་དང་།
བྱ་2---236

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*