www.dharmabook.ru tibetan OCR



མཐོང་བའི་ལམ་དང་བསྒོམ་པའི་ལམ་ལ་སྤོང་བས། བཟུང[༡]བ་ད་ང་འཛིན་པར[༢]
རྣམ་པར་རྟོག་པ་བརྒྱད་ཉེ་བར་ཞི་བར་བྱ་བའི་ཕྱིཕྱིར།
བདེན་པ་གཉིས་ཀའི་རྣམ་པ་
ལ་བརྟེན་ནས་མངོན་དུ་བྱ་བའི་མི་མཐུན་པའི་ཕྱོགས་ཀྱི་རབ་ཏུ་དབྱེ་བས་ལམ་
གཉིས་པོ་ཁོ་ནའི་གནས་སྐབས་ཀྱི་ཁྱད་པར་གཉེན་པོ་རྣམ་པ་བརྒྱད་དོ།

དེ་ལྟར་ཚོགས་བསགས་པ་ལ[༢]ིངེས་པར་འབྱུང་བས་བཞི་པ་ངེས་པར་འབྱུང་
བའི་སྒྲུབ་པ།
ཆེད་དུ་བྱ་དང་མཉམ་ཉིད་ད་དང་། སེམས་ཅན་དོན་དང་འབད་
མེད་ད་དང་།
མཐའ་ལས་འདས་པར་ངེས་འབྱུང་དང་། ཐོབ་པའི་མཚན་ཉིད་
ངེས་འབྱུང་དང་།
རྣམ་པ་ཐམས་ཅད་མཁྱེན་ཉིད་དང་། ལམ་གྱི་ཡུལ་
ཅན་ངེས་འབྱུང་སྟེ།
རྣམ་པ་བརྒྱད་ཀྱི་བདག་ཉིད་འདི། ངེས་འབྱུང་བསྒྲུབ་
པ་ཡིན་
ཞེས་བྱ། ཞེས་བྱ་བ་གསུངས་ཏེ། ཆེད་དུ་བྱ་བ་ཇི་སྐད་བཤད་པ་
དང་།
ཆོས་ཐམས་ཅད་མཉམ་པ་ཉིད་དང་། སེམས་ཅན་གྱི་དོན་ཕྱད་པར་
བྱེད་པ་དང་།
མཚན་མ་མེད་པར་[༤]ཐམས་ཅད་བྱེད་པ་ཉིད་ཀྱིས་ལྷུན་གྱིས་གྲུབ་
པ་དང་།
རྟག་པ་དང་ཆད་པ་དང་བྲལ་བའི་ངོ་བོའི་གནས་སྐབས་ཀྱི་ཁྱད་པར་
ད་ང་།
ཐེག་པ་གསུམ་གྱི་དོན་ཐམས་ཅད་འཐོབ་པ་དང་། ཇི་སྐད་བཤད་པའི་
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ད་དང་།
དེའི་ཁྱད་པར་གྱི་ལམ་སྟེ། ངེས་པར་
འབྱུང་བར་བྱ་བའི་གཞི་དེ་ལྟ་བུ་དག་ལས་ཁྱད་པར་དུ་འཕགས་པའི་ཆོས་གཞན་
མེད་པའི་ཕྱིར་ཐམས་ཅད་མི་
དམིགས་པ་ཉིད་ཀྱིས་ངེས་པར་འབྱུང་བ་རྣམ་པ་
བརྒྱད་ཡིན་པས་ངེས་པར་འབྱུང་བའི་སྒྲུབ་པ་ནི་རྣམ་པ་བརྒྱད་ཡིན་ནོ།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་་་་
རྟོགས་པའི་རྒྱན་ཅེས་བྱ་བ་ལས།
སྐབས་དང་པོའི་འགྲེལ་[༥]པའོ།
བུ2---2ཎྜཏྲ་

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*