www.dharmabook.ru tibetan OCR



གཟུགས་ལ་སོགས་པར་མི་ཤེས་ཕྱིར། དེ་ནི་བསམ་མི་ཁྱབ་པར་འདོད། ཅེས་
བྱ་བ་གསུངས་ཏེ།
གང་གི་ཕྱིར་གཟུགས་ལ་སོགས་པ་ནས་སངས་རྒྱས་ཀྱི་ཆོས་མ་
འདྲེས་པའི་རྣམ་པའི་བར་གྱི་རང་བཞིན་ཡོངས་སུ་མི་ཤེས་པས་བསམ་པ་ལས་
འདས་པ་ཉིད་དུ་འདོད་པ་
དེའི་ཕྱིར། དེ་ནི་རྟོགས་པར་དཀའ་བ་ཉིད་ཡིན་ན་ནོ།
དེ་ལྟར་མི་མཐུན་པའི་ཕྱོགས་ལ་སོགས་པ་བརྗོད་ནས་མཇུག་བསྡུ་བར། དེ་ལྟར་
ཀུན་ཤེས་ཉིད་ལུགས་ལ།
མི་མཐུན་གཉེན་པོའི་ཕྱོགས་ད་ག་ག་གི རྣམ་པར་
དབྱེ་བ་མ་ལུས་པ།
ཇི་སྐད་བཤད་པ་འདིར[༡]ཤེས་བྱ། ཞེས་བྱ་བ་གསུངས་ཏེ།
ཐམས་ཅད་ཤེས་པ་ཉིད་ཀྱི་སྐབས་སུ་དེ་ལྟར་བཤད་པའི་ཚུལ་གྱིས་གོ་རིམས་བཞིན་
དུ་ཉན་ཐོས་ད་ང་བྱང་ཆུབ་སེམས་དཔའ་ལ་སོགས་པའི་མི་མཐུན་པའི་ཕྱོགས་དང་
གཉེན་པོའི་རབ་ཏུ་དབྱེ་བ་ཤེས་པར་བྱའོ།

དེ་ལྟར་མི་མཐུན་པའི་ཕྱོགས་ལ་སོགས་པ་བརྗོད་ནས། དེ་དག་རྣམ་པར་
བསྒོམ་པའི་སྦྱོར་བ་གང་ཡིན་ཞེ་ན།
སྦྱོར་བ[༢]། གཟུགས་སོགས་དེ་མི་རྟག་
སོགས་ད་ང་།
དེ་མ་རྫོགས་དང་རབ་རྫོགས་དང་། དེ་ལ་ཆགས་པ་མེད་ཉིད་
ལ༑
སྤྱོད་པ་བཀག་པའི་སྦྱོར་བ་དང་། མི་འགྱུར་བྱེད་པོ་མེད་ཉིད་ད་དང་།
བྱ་དཀའ་རྣམ་གསུམ་སྦྱོར་བ་དང་། སྐལ་བ་ཇི་བཞིན་འབྲས་ཐོབ་པས།
འབྲས་ཡོད་འདོད་པ་དེ་དང་ནི། གཞན་ལས་རག་ལས་མེད་གང་དང་།
སྣང་བ་རྣམ་བདུན་ཤེས་བྱེད་དོ། ཞེས་བྱ་བ་གསུངས་ཏེ། གཟུགས་ལ་སོགས་
པའི་ཆོས་ཐམས་ཅད་དང་།
དེ་དག་ཉིད་ཀྱི་མི་རྟག་པ་དང་། སྟོང་པ་ཉིད་ལ་
སོགས་པ་དང་།
སོ་སོར་མ་རྫོགས་པ་དང་རྫོགས་པ་ཉིད་ད་དང་། ཆགས་པ་
མེད་པ་དང་།
གཞན་དུ་མི་འགྱུར་བ་དང་། བྱེད་པ་པོ་མེད་པ་ཉིད་དང་།
е-2---264

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*